ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པས་ཧྲང་ཧེ་རུ་སྒྲོག་འགྲེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་སྒྲོག་འགྲེལ་ཚོགས་པས་ཚེས16ཉིན་ནས་ཚེས17ཉིན་བར་ཧྲང་ཧེ་རུ་སྒྲོག་འགྲེལ་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཧྲང་ཧེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལི་ཆང་གིས་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུར་མགོ་འཛིན་བྱས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་ཟུར་པ་ལི་ཅུན་རུའུ་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

སྙན་ཞུའི་ཚོགས་འདུའི་སྟེང་། ལི་ཅུན་རུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་བསྟར་བྱེད་པའི་ལོ་བརྒྱའི་ལོ་རྒྱུས་ལ་དམིགས་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ་བྱས་ཏེ་ལོ་རྒྱུས་ཀྱི་དོན་དངོས་རེ་རེ་དང་གསོན་ཉམས་དོད་པའི་དཔེ་མཚོན་རེ་རེས་ཀྲུང་གོ་གུང་ཁྲན་ཏང་གི་འབད་འབུངས་ལོ་རྒྱུས་དང་། རླབས་ཆེན་གྱི་ལེགས་སྐྱེས། རིགས་པའི་གཞུང་ལུགས་གསར་གཏོད། རྩ་ཆེའི་ཉམས་མྱོང་བཅས་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་བསྟར་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཞིབ་བརྗོད་བྱས་པ་མ་ཟད། ལོ་རྒྱུས་སློབ་སྦྱོང་ལས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་སློབ་སྦྱོང་ལས་ཡིད་ཆེས་རྙེད་པ། ལོ་རྒྱུས་སློབ་སྦྱོང་ལས་ཀུན་སྤྱོད་ལེགས་བསྒྱུར། ལོ་རྒྱུས་སློབ་སྦྱོང་ལས་བརྩོན་ནུས་སྐུལ་བ་བཅས་བྱས་ནས་སྔར་ལས་ལྷག་པར་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་པ་སློབ་སྦྱོང་དང་ལག་ལེན་ཐད་ཀྱི་ལྟ་ཚུལ་ཞིབ་བརྗོད་བྱས། 

སྒྲོག་འགྲེལ་བྱེད་སྐབས་ལི་ཅུན་རུའུ་ཧྲང་ཧའེ་སློབ་ཆེན་དུ་བསྐྱོད་དེ་དགེ་སློབ་ཀྱི་འཐུས་མི་དང་བཞུགས་མོལ་གནང་ནས། གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱིས་མི་སྣ་གསོ་སྐྱོང་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་ཐད་བསམ་བློ་བརྗེ་རེས་བྱས་པ་མ་ཟད། དབྱང་ཕུའུ་ཆུས་ཟམ་ཆེན་ཁྲོམ་གཞུང་གི་བདེ་སྐྱིད་གྲོང་ཚོའི་སྡེ་ཁུལ་དང་དབྱང་ཕུའུ་པིན་ཅང་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་འཆར་འགོད་འགྲེམས་སྟོན་ཁང་དུ་སོང་ནས་སྡེ་ཁུལ་གྱི་ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།