ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་མགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེ་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

    སྤེལ་དུས། : 2021-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1127218802_16159033217471n_副本.jpg

ཟླ3པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་མགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེའི་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་མགོ་འཛིན་མཛད་དེ་པེ་ཅིན་དང་ཐེན་ཅིན། ཧི་པེའི་མཐུན་སྦྱོར་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དང་ཐེན་ཅིན། ཧི་པེའི་མཐུན་སྦྱོར་འཕེལ་རྒྱས་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན། མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་བསྡུར་བྱས་པ་དང་ཕྱིན་ཆད་ཀྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་གསུངས་རྒྱུར། པེ་ཅིན་དང་ཐེན་ཅིན། ཧི་པེའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་འཆར་འགོད་དང་དངོས་སུ་བཀོད་སྒྲིག དངོས་སུ་སྐུལ་འདེད་བཏང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཡིན། ཉེ་བའི་ལོ་འགའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་མགོ་ཁྲིད་འོག པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ཁྱོན་ཡོངས་ལ་བལྟས་པ་དང་ཧུར་ཐག་སྒོས་བྱེད་ཐབས་སྤྱད་པར་མ་ཟད་ཕན་འབྲས་ལྡན་པའི་བྱ་བ་གང་མང་བསྒྲུབས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན། མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་གཞི་རྩའི་བསྲུང་བྱ་ལ་འཛིན་པ་དང་། དུས་དང་རྣམ་པ་ཀུན་ཏུ་པེ་ཅིན་གྱི་རྒྱལ་ས་ལས་གཞན་པའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། རྒྱང་ལྟ་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་འཆར་འགོད་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བྱ་བའི་རྣམ་པ་དང་སྒྲུབ་སྟངས་གསལ་བོར་ཤེས་པར་བྱས་ནས། པེ་ཅིན་དང་ཐེན་ཅིན། ཧི་པེའི་མཐུན་སྦྱོར་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཧོང་ཀྲུང་དང་ཚའེ་ཆི། ཝང་ཡུང་། ཧི་ལིས་ཧྥིན་སོགས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།