ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོས་མི་ཁྲི6498ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱབ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས15ཉིན་བསྡུས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ནང་རྐྱེན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལི་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ3པའི་ཚེས14ཉིན་བར་དུ། ཀྲུང་གོས་བསྡོམས་པས་མི་ཁྲི6498ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱབ་པ་དང་། མིག་སྔར་ང་ཚོས་གཙོ་གནད་མི་ཚོགས་དང་རིམས་ནད་འགོས་ཉེན་ཆེ་བའི་མི་ཚོགས། མི་ཚོགས་གཞན་དག་བཅས་ཀྱི་གོ་རིམ་བཞིན་སྐུལ་འདེད་གཏོང་བའི་རྩ་དོན་ལྟར་འགོག་སྨན་རྒྱག་བཞིན་ཡོད་ལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱབ་པའི་མི་ཚོགས་ཀྱི་ཁྱབ་ཚད་བརྟན་རླིང་ངང་ཇེ་མཐོར་གཏོང་བཞིན་ཡོད་ཟེར།

ལི་པིན་གྱིས་བཤད་རྒྱུར། ཀྲུང་གོའི་པྲོག་གསར་གློ་ཚད་རིམས་ནད་འགོག་སྨན་རྒྱག་པའི་གཞི་རྩའི་རྩ་དོན་ནི་གནས་ཚུལ་ཤེས་པ་དང་འཐད་པ་བྱུང་བ། རང་འགུལ་བཅས་ཡིན། འགོག་སྨན་བཀོལ་སྤྱོད་བྱས་པའི་ཕན་ནུས་ཕྱོགས་ནས་བལྟས་ན། མིག་སྔར་ཀྲུང་གོས་བཀོལ་སྤྱོད་བྱེད་བཞིན་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་ཚད་གཞི་ལྟར་ནད་ཐོག་སྨན་བཅོས་ཀྱི་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཁག་གི་ཆོག་མཆན་ཐོབ་ཡོད་པ་མ་ཟད། ཞིབ་དཔྱད་གཏན་འཁེལ་གཟབ་ནན་བྱས་པ་བརྒྱུད་ད་གཟོད་བཀོལ་སྤྱོད་བྱས་པ་ཡིན། འགོག་སྨན་འཁོར་རྒྱུག་དང་བཀོལ་སྤྱོད་བདེ་འཇགས་དོ་དམ་ཕྱོགས་ནས། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་འགོག་སྨན་ཁུངས་འདེད་མཉམ་འབྲེལ་སྟེགས་བུ་སྐྲུན་ཡོད་པས། འགོག་སྨན་གྱི་གོ་རིམ་ཡོངས་རྫོགས་ཁུངས་འདེད་ཐུབ་པ་དང་། འགོག་སྨན་གྱི་ཡོངས་ཁུངས་ཞིབ་བཤེར་བྱེད་ཐུབ་པ་མ་ཟད། འགོག་སྨན་གྱི་གར་སོང་རྗེས་འདེད་བྱེད་ཐུབ། རིམས་ནད་ཚོད་འཛིན་སྡེ་ཁག་དང་འགོག་སྨན་རྒྱག་པའི་སྡེ་ཁག་གིས་འགོག་སྨན་ལ་དོ་དམ་གཟབ་ནན་བྱས་ཏེ། དུས་ལྟར་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་གསོག་ཉར་དང་སྐྱེལ་འདྲེན་གོ་རིམ་ཁྲོད་ཀྱི་དྲོད་གྲང་ཟིན་བྲིས་བཀོད་དེ། གསོག་ཉར་དང་སྐྱེལ་འདྲེན་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།