ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་འབྲུ་རིགས་གཙོ་བོའི་འདེབས་འཛུགས་དང་བསྡུ་ལེན་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད80%ལས་བརྒལ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་ཞིང་སྡེ་པུའུ་གཞུང་སྒྲུབ་ཐིང་གིས་ཉེ་ཆར་བརྡ་སྦྱོར་དཔར་འགྲེམ་བྱས་ཏེ། གོ་རིམ་ཧྲིལ་བོ་འཕྲུལ་ཆས་ཅན་དུ་བསྒྱུར་བའི་བྱ་བ་སོ་སོ་བཀོད་སྒྲིག་བྱས་ཏེ། 2021ལོའི་འབྲུ་རིགས་ལོ་ལེགས་ལ་འབྲུ་རིགས་ཐོན་སྐྱེད་ཀྱི་གཞོགས་འདེགས་མཁོ་འདོན་བྱེད་པར་བརྩོན་ལེན་བྱེད་དགོས་ཞེས་བསྟན།

བརྡ་སྦྱོར་ལས་བསྟན་དོན། དེང་སྐབས་རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་དེ་འཕྲུལ་ཆས་ཅན་གྱི་གཙོ་ཁྲིད་བྱེད་པའི་དུས་སྐབས་གསར་བར་བསྐྱོད་ཅིང་། འབྲུ་རིགས་འདེབས་འཛུགས་དང་བསྡུ་ལེན་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་ཆ་སྙོམས་ཀྱིས80%ལས་བརྒལ་ནའང་། དུས་ཚིགས་གཉིས་ཀྱི་ཆུ་འབྲས་འདེབས་འཛུགས་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་འབྲུ་རིགས་སྐམ་པ་སོགས་ཀྱི་གོ་རིམ་དང་། རི་སྒང་གི་འཕྲུལ་ཆས་ཅན་དུ་འགྱུར་ཚད་ལ་སྔར་བཞིན་མི་འདང་ས་མང་པོ་ཡོད་པ་རེད། རིམ་པ་སོ་སོའི་ཞིང་ལས་འཕྲུལ་ཆས་ཅན་གྱི་དོ་དམ་སྡེ་ཁག་གིས་གཅིག་བསྡུས་སྒོས་མི་འདང་ས་ཁ་གསབ་བྱེད་པ་དང་གནས་ཚད་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཀྱི་གོ་རིམ་ཧྲིལ་བོ་འཕྲུལ་ཆས་ཅན་དུ་འགྱུར་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་བསྟན། 

བརྡ་སྦྱོར་ལས། ལག་རྩལ་གྱི་ངོས་ཐད་ནས། གཙོ་གནད་ས་ཁུལ་གྱི་འབྲུ་རིགས་ཐོན་སྐྱེད་གོ་རིམ་ཧྲིལ་བོ་འཕྲུལ་ཆས་ཅན་དུ་འགྱུར་བའི་ཞན་ཆར་ཁ་གསབ་བྱེད་པ་དང་། དུས་ཚིགས་གཉིས་ཀྱི་ཆུ་འབྲས་འདེབས་འཛུགས་འཕྲུལ་ཆས་ཅན་དང་། མ་རྨོས་ལོ་ཏོག་གི་འབྲུ་རྡོག་འཕྲུལ་ཆས་ཀྱིས་བསྡུ་ལེན་བྱེད་པ་སོགས་ཀྱི་ཆུ་ཚད་ཞན་པ་དང་རི་མ་ས་ཁུལ། དེ་མིན་འདེབས་འཛུགས་ལས་རིགས་ཀྱི་འཕྲུལ་ཆས་ཅན་གྱི་ཞན་ཆར་དམིགས་ཏེ། འཕྲོད་མཐུན་ཆེ་བའི་ལག་རྩལ་སྒྲིག་ཆས་དང་གོ་རིམ་ཧྲིལ་བོ་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་རྣམ་པ་སྐོར་ཞིག་ཁྱབ་གདལ་དང་བེད་སྤྱོད་བྱས་ནས་འབྲུ་རིགས་ཐོན་སྐྱེད་ཀྱི་ཕན་འབྲས་མཐོར་འདེགས་སུ་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།