ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཕྱོགས་སུ་རླུང་ཆེན་དང་དྲོད་གྲངས་མར་ཆགས་པ། བྱེ་རྡུལ་བཅས་ཀྱི་གནམ་གཤིས་ཐོན་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཁའ་དབུགས་འཁྱགས་པོའི་ཤུགས་རྐྱེན་ཐེབས་རྐྱེན། ཟླ3པའི་ཚེས14ཉིན་ནས་ཚེས16ཉིན་བར། རང་རྒྱལ་གྱི་འབྲི་ཆུའི་བྱང་རྒྱུད་ས་ཁུལ་དུ་སྔ་གཞུག་ཏུ་རླུང་ཆེན་གཡུག་པ་དང་གནམ་གཤིས་ཇེ་འཁྱགས་སུ་འགྱུར་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་བྱེ་རྡུལ་གྱི་གནམ་གཤིས་འབྱུང་རྒྱུ་རེད། འོན་ཀྱང་མཁའ་དབུགས་འཁྱགས་པོའི་གནམ་གཤིས་མ་སླེབས་སྔོན་དུ། ཧྭ་པེའི་དབུས་ལྷོ་ས་ཁུལ་དང་། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་ས་ཁུལ་སོགས་ཀྱི་རླུང་ཁམས་ཕྱིར་ཁྱབ་པའི་ཆ་རྐྱེན་ཅུང་ཞན་པས། ཚད་རིམ་འབྲིང་ཙམ་གྱི་ས་སྨུག་འཐིབས་རྒྱུ་རེད།

ཀྲུང་དབྱང་གནམ་གཤིས་བརྟག་དཔྱད་ཁང་གིས་སྔོན་དཔག་བྱས་པ་ལྟར་ན། ཚེས14ཉིན་ནས་ཚེས16ཉིན་བར། ཞིན་ཅང་བྱང་ཕྱོགས་དང་། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད། ནང་སོག  ཧྭ་པེ། བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་གྲངས་ཧྲེ་ཧྲི་ཏུའུ4ནས་ཏུའུ6མར་ཆགས་པ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་གྲངས་ཧྲེ་ཧྲི་ཏུའུ10ནས་ཏུའུ12མར་ཆག་རྒྱུ་དང་། ནང་སོག་ཤར་རྒྱུད་ས་ཁུལ་གྱི་དྲོད་གྲངས་ཧྲེ་ཧྲིའི་ཏུའུ16ཡན་མར་ཆག་རྒྱུ་རེད། ནང་སོག་དང་བྱང་ཤར་ས་ཁུལ། ཧྭ་པེ། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་དུ་ཚད་རིམ4ནས7གྱི་རླུང་གཡུག་པ་དང་། ས་ཁུལ་ཁ་ཤས་སུ་ཚད་རིམ8ནས10ཡི་རླུང་གཡུག་རྒྱུ་རེད། 

རླུང་གཡུག་པའི་གནམ་གཤིས་ཤུགས་རྐྱེན་འོག   ཞིན་ཅང་ཤར་ཕྱོགས་དང་ཞིན་ཅང་ལྷོ་རྒྱུད་གཞོངས་ས། ནང་སོག  ཀན་སུའུ་ཧི་ཞི། ཉིན་ཞྭ་དབུས་བྱང་ཕྱོགས་ས་ཁུལ་དུ་རླུང་གཡུག་པ་དང་རྡུབ་འཚུབ་འཁྲིགས་པའི་གནམ་གཤིས་འབྱུང་བ་དང་། དེའི་ཁྲོད། ཞིན་ཅང་ལྷོ་རྒྱུད་གཞོངས་ས་དང་ནང་སོག་ནུབ་རྒྱུད། ཀན་སུའུ་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་རྡུབ་འཚུབ་འཁྲིགས་པའི་གནམ་གཤིས་འབྱུང་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།