ཧེ་ལུང་ཅང་ཉིང་ཨན་དུ་རི་སྐྱེས་བྱང་ཤར་སྟག་གི་རྗེས་ཤུལ་རྙེད་པ།

འདི་ནི་ཟླ3པའི་ཚེས14ཉིན་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་ཉིང་ཨན་གྲོང་ཁྱེར་སན་ལིང་ཤང་ཧོང་ཐུའུ་གྲོང་ཚོའི་ཉེ་འགྲམ་གྱི་མིས་བཟོས་ནགས་ཚལ་ནང་ཧེ་ལུང་ཅང་ཞའོ་པེ་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལག་རྩལ་པ་སུན་ཅི་ཞུའུ(གཡས་ཀྱི་དང་པོ)སོགས་ལས་དོན་མི་སྣས་རི་སྐྱེས་ཀྱི་བྱང་ཤར་སྟག་གི་ལུས་སྤུ་ལ་ལྟ་ཞིབ་བྱེད་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་དེར་ཧེ་ལུང་ཅང་ཞའོ་པེ་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་སོགས་སྡེ་ཁག་གིས་མཉམ་དུ་སྒྲིག་འཛུགས་བྱས་པའི་རི་སྐྱེས་བྱང་ཤར་སྟག་བརྟག་དཔྱད་ཚོགས་ཆུང་གིས་ཉེ་ཆར་རི་སྐྱེས་བྱང་ཤར་སྟག་གི་རྗེས་ཤུལ་རྙེད་པའི་མིས་བཟོས་ནགས་སར་བརྟག་དཔྱད་བྱས། ས་དེའི་ཡུལ་དངོས་ནས་བྱང་ཤར་སྟག་གི་སྤུ་དང་རྐང་རྗེས། ཉལ་ཤུལ་སོགས་རྙེད་པས་ཆེད་ལས་མཁས་པས་དེ་ནི་ལོ་བདུན་བརྒྱད་ལ་སོན་པའི་བྱང་ཤར་སྟག་དར་མ་ཞིག་ཡིན་པ་ཐག་བཅད།

ཆེད་ལས་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། རི་སྐྱེས་བྱང་ཤར་སྟག་འདི་དག་མིས་བཟོས་ནགས་ཚལ་དུ་འཚོ་གནས་བྱེད་པ་ནི་ཁོ་ཚོའི་འཚོ་གནས་ཁྱབ་ཁོངས་རྒྱ་ཆེར་བསྐྱེད་དེ། ཧེ་ལུང་ཅང་གི་དཀྱིལ་དབུས་ས་ཁུལ་དུ་འཚོ་གནས་བྱེད་ཚད་ཇེ་མང་དུ་འགྲོ་བཞིན་པ་མཚོན་ཡོད། །

འདི་ནི་ཟླ3པའི་ཚེས14ཉིན་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་ཉིང་ཨན་གྲོང་ཁྱེར་སན་ལིང་ཤང་ཧོང་ཐུའུ་གྲོང་ཚོའི་ཉེ་འགྲམ་གྱི་མིས་བཟོས་ནགས་ཚལ་ནང་ཧེ་ལུང་ཅང་ཞའོ་པེ་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལག་རྩལ་པ་སུན་ཅི་ཞུའུ་ཡིས་རི་སྐྱེས་ཀྱི་བྱང་ཤར་སྟག་གི་རྐང་རྗེས་ལ་ཚད་མཇལ་བྱེད་བཞིན་པའི་ཚུལ་རེད།


འདི་ནི་ཟླ3པའི་ཚེས14ཉིན་ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་ཉིང་ཨན་གྲོང་ཁྱེར་སན་ལིང་ཤང་ཧོང་ཐུའུ་གྲོང་ཚོའི་ཉེ་འགྲམ་གྱི་མིས་བཟོས་ནགས་ཚལ་ནང་སྡེ་དམངས་ཝུའུ་ཆིན་རོང་གིས་ཚེས12ཉིན་གནས་འདི་རུ་བྱང་ཤར་སྟག་མཐོང་བའི་གནས་ཚུལ་ཞིབ་བརྗོད་བྱེད་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།