ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་གི་ལས་རིགས་སོ་སོས་རྒྱལ་ཡོངས་དམངས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཆོད་དོན་ལ་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 191བསྟུད་མར་ཉིན་འགའི་རིང་ལ། ཞང་ཀང་གི་ལས་རིགས་སོ་སོའི་མི་སྣས་བློ་ཐག་རྦད་ཆོད་སྒོས་རྒྱལ་ཡོངས་དམངས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་བཏང་བར་རྒྱབ་སྐྱོར་བྱས་པ་དང་། རྒྱལ་གཅེས་མཁན་གྱིས་ཞང་ཀང་སྐྱོང་བའི་རྩ་དོན་དངོས་འབེབས་བྱེད་པ་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་ཞང་ཀང་གི་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞེས་བསྟན།

ཉིན་འགའི་ནང་ཞང་ཀང་གི་ལས་རིགས་སོ་སོས་བྱ་འགུལ་སྣ་ཚོགས་སྤེལ་ཏེ། རྒྱལ་ཡོངས་དམངས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་ཆོད་དོན་ལ་རྒྱབ་སྐྱོར་བྱས། ཞང་ཀང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་གྱི་ཆོད་དོན་ལ་རྒྱབ་སྐྱོར་བྱས་ཏེ་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་དྲ་ངོས་སུ་མཉམ་འབྲེལ་སྒོས་མིང་འགོད་པའི་བྱ་འགུལ་སྤེལ།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།