《སྲིད་གཞུང་བྱ་བའི་སྙན་ཞུའི》དེབ་རྐྱང་མ་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གསུམ་པའི་ཚེས་ལྔ་ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཕུལ་བའི《སྲིད་གཞུང་བྱ་བའི་སྙན་ཞུའི》དེབ་རྐྱང་མ་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། ཚེས་བཅུ་གསུམ་ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་འཚོང་ཁང་དུ་བཀྲམ།

རྒྱ་ཆེའི་ཀློག་པ་པོས་སྲིད་གཞུང་བྱ་བའི་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་སྟབས་བདེ་བཟོ་ཆེད། མི་དམངས་དཔེ་སྐྲུན་ཁང་གིས་ད་དུང་ཉིས་སྟོང་ཉེར་གཅིག་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་བརྙན་རིས་དང་པར་རིས། ཡི་གེ་སུམ་འཛོམས་ཀྱི་དཔེ་ཆ་པར་སྐྲུན་བྱས། དེ་དང་མཉམ་དུ་མི་དམངས་དཔེ་སྐྲུན་ཁང་གིས་ད་དུང་སྲིད་གཞུང་བྱ་བའི་སྙན་ཞུའི་གློག་རྡུལ་དཔེ་ཆ་དང་སྒྲ་ལྡན་དཔེ་ཆ་སོགས་སྨྱན་སྦྱོར་མཉམ་འདྲེས་ཀྱི་པར་སྐྲུན་ཐོན་རྫས་འགྲེམ་སྤེལ་བྱས་པ་དང་། དྲ་རྒྱའི་སྤྱི་སྟེགས་མང་པོ་ནས་དུས་མཉམ་དུ་ཁྱབ་བསྒྲགས་བྱས་ནས་ཀློག་པ་པོ་རྣམས་ལ་རིན་མེད་དཔེ་ཀློག་གི་ཞབས་ཞུ་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།