ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་སྟེ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་བརྡ་ཐོ་བཏང་སྟེ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་སྒོས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་འདས་པའི་ལོ་གཅིག་གི་ནང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱ་བ་མགོ་བཟང་བོ་ཞིག་འཛུགས་པའི་ཐད་ལ་རེ་བ་བཏོན། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་བ་དམ་འཛིན་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལེགས་པོ་བྱེད་རྒྱུ་འབུར་དུ་ཐོན་པར་བྱེད་པ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལས་དོན་ཐད་ནས་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་ལྷག་པར་དུ་ན་ནིང་གི་ཚུན་ལ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་ཐད་ནས་བླངས་པའི་འཐབ་ཇུས་གྲུབ་འབྲས་གལ་ཆེན་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཐད་ནས་ཐག་ཆོད་རང་བཞིན་གྱི་གྲུབ་འབྲས་བླངས་པར་ངོས་འཛིན་གང་ལེགས་བྱེད་དགོས་ལ། རང་རེའི་དམག་དཔུང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་མགོ་བཟང་བོ་ཞིག་འཛུགས་པའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་གསལ་བོར་ཤེས་པར་བྱས་ཏེ། དམག་འཐབ་འཛུགས་སྐྲུན་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་གསར་སྐྲུན་འདེད་སྐུལ་ལ་ཤུགས་སྣོན་ཞིང་འཐབ་ཇུས་དོ་དམ་ནུས་པ་ཇེ་ཆེར་གཏོང་བ་དང་། དམག་སྲིད་དམག་དམངས་མཐུན་སྒྲིལ་དམ་པོ་བྱས་ནས། རང་རེའི་དམག་དཔུང་འཛུགས་སྐྲུན་གྱི་ལོ་འཁོར་འཆར་འགོད་བཀོད་སྒྲིག་གི་བྱ་བ་སྣ་ཚོགས་གང་ལེགས་སྒོས་བསྒྲུབ་དགོས། ལྷག་པར་དུ་དེང་སྐབས་རང་རྒྱལ་གྱི་བདེ་འཇགས་གནས་བབ་བརྟན་འཇགས་མིན་པའི་རང་བཞིན་དང་གཏན་འཁེལ་མིན་པའི་རང་བཞིན་ལ་ངོས་འཛིན་གསལ་བོ་བྱས་ཏེ། ངེས་པར་དུ་འཛུགས་སྐྲུན་དང་དམག་འཐབ་གྲ་སྒྲིག་བར་གྱི་འབྲེལ་བར་གཅིག་གྱུར་སྒོས་འཆར་འགོད་བཟང་བོ་བྱེད་པ་དང་། དུས་ངེས་མེད་དུ་རྙོག་འཛིང་ཆེ་ཞིང་དཀའ་ཁག་ཆེ་བའི་རྣམ་པ་སྣ་ཚོགས་ལ་ཁ་གཏད་འཇལ་བར་གྲ་སྒྲིག་བྱེད་དགོས་ཟེར།

བརྡ་ཐོའི་ནང་བསྟན་དོན། ཚོགས་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་དེ་མདའ་ཤོག་ཡན་གྱི་ལས་ཁུངས་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་དམག་དཔུང་གི་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་གླིང་གི་ཆབ་སྲིད་རིགས་གཞུང་བསླབ་ཚན་གྱི་སློབ་ཁྲིད་ནང་དོན་དུ་བཞག་ནས། སྒྲོག་འགྲེལ་ཟུར་ཁྲིད་དང་ཆེད་དོན་བགྲོ་གླེང་། གནད་ས་སྒྲོག་འགྲེལ་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།