ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་བསྡོམས་པས་གྲོས་གཞི5913འབྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་བསྡོམས་པས་གྲོས་གཞི5913འབྱོར་ཡོད། ཞིབ་བཤེར་བྱས་པ་བརྒྱུད། ཆེད་ཐོ་བཀོད་པའི་གྲོས་གཞི4940ཡོད་པ་དང་། མཉམ་སྡུད་ཀྱི་གྲོས་གཞི127ཡོད་ལ། བསམ་འཆར་ལ་བསྒྱུར་བའི་གྲོས་གཞི864ཡོད། ཆེད་ཐོ་བཀོད་པའི་གྲོས་གཞིའི་ཁྲོད་དཔལ་འབྱོར་འཛུགས་སྐྲུན་ཕྱོགས་ཀྱི་གྲོས་གཞི1820ཡོད་པ་དང36.8%ཟིན། ཆབ་སྲིད་འཛུགས་སྐྲུན་ཕྱོགས་ཀྱི་གྲོས་གཞི312ཡོད་པ་དང6.3%ཟིན། རིག་གནས་འཛུགས་སྐྲུན་ཕྱོགས་ཀྱི་གྲོས་གཞི312ཡོད་པ་དང6.3%ཟིན། སྤྱི་ཚོགས་འཛུགས་སྐྲུན་ཕྱོགས་ཀྱི་གྲོས་གཞི1808ཡོད་པ་དང36.6%ཟིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཀྱི་གྲོས་གཞི468ཡོད་པ་དང9.5%ཟིན། ཕྱོགས་གཞན་དག་གི་གྲོས་གཞི220ཡོད་པ་དང4.5%བཅས་ཟིན་ཡོད་པ་རེད།  །

1127194516_16153602107801n.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།