ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་ལི་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས9ཉིན་གྱི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད། 

11.jpg

ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་མཛད། 

ཚོགས་འདུས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲེན་ཝུའུ་ཡིས་གནང་བའི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་དང་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ་ལ་གསན་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྱེད་མ་ཡིག་ལ་གྲོས་ཞིབ་བྱས། 

ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞུས་ཧྲའོ་ཧྲི་ཡིས་གནང་བའི་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་སྐོར་གྱི་ཞིབ་བཤེར་བྱས་འབྲས་སྙན་ཞུའི་འབྲེལ་ཡོད་གནས་ཚུལ་གྱི་སྙན་ཞུ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་འབྲེལ་ཡོད་གནས་ཚུལ་སྙན་ཞུ་ཕུལ་བ་དང་། ཞིབ་བཤེར་བྱས་འབྲས་ཀྱི་སྙན་ཞུ་གཉིས་ཀར་གྲོས་ཞིབ་བྱས། 

ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲི་ཡའོ་པིན་གྱིས་གནང་བའི་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུ་གསན་པ། ཞིབ་བཤེར་བྱས་འབྲས་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།

ཚོགས་འདུས་དབྱང་ཀྲེན་ཝུའུ་ཡིས་གནང་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྱེད་མ་ཡིག་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྱེད་མ་ཡིག། 2020ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2021ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་གྲོས་ཆོད་འཆར་ཟིན་གྱི་ཚབ་བྱེད་མ་ཡིག་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། གྲོས་ཆོད་གསུམ་གྱི་འཆར་ཟིན་གྱི་ཚབ་བྱེད་མ་ཡིག་ལ་གྲོས་ཞིབ་བྱས།

ཚོགས་འདུས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལི་ཧྥེ་ཡིས་གནང་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་དང་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་མོལ་ལམ་སྲོལ་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་ལ་གསན་པ་དང་། རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་མོལ་ལམ་སྲོལ་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས། 

ཚོགས་འདུས་ལི་ཧྥེ་ཡིས་གནང་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་གསན་པ་དང་། གཏན་འབེབས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་ལ་གྲོས་ཞིབ་གནང་།  

ཚོགས་འདུས་གོང་གསལ་གྱི་གྲོས་ཆོད་འཆར་ཟིན་དང་། སྙན་ཞུ། གཏན་འབེབས་འཆར་ཟིན། གཏན་འབེབས་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱེད་པར་འབུལ་རྒྱུར་མོས་མཐུན་བྱུང་།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡུའེ་ཡུའེ། ཅི་པིང་ཤོན། ཨའེ་ལི་ཀེང·དབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ་བཅས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།