ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར750ལས་བརྒལ་རྒྱུ་རེད།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུའུ་ཚོགས་པ་ཚད་ཡོད་ཀུང་སིས་འཚོགས་པའི་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2021ལོར། འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར750ཡན་གཏོང་རྩིས་ཡོད་པ་དང་། ལྕགས་ལམ་ལམ་ཐིག་གསར་པ་སྤྱི་ལེ833ཤར་གཏོང་བྱེད་རྒྱུ་དང་། རྣམ་གྲངས11གི་ལས་འགོ་འཛུགས་པ་དང་གཙོ་གནད་རྣམ་གྲངས6འཛུགས་སྐྲུན་ལག་བསྟར་བྱེད་རྩིས་ཡོད།  

2021ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འགོ་ཚུགས་པའི་ལོ་ཡིན། འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་ཤིང་བརྟན་བརླིང་ཡིན་ལ། འཕེལ་ཕྱོགས་བཟང་པས། ད་ལོར་ཧུའུ་ཡུའུ་རོང་མྱུར་བགྲོད་ལྕགས་ལམ་གྱི་ཧྲང་ཧའེ་ནས་ནན་ཅིང་དང་ཧོ་ཧྥེ་བར་དང་། ཧུའུ་ཡུའུ་རོང་མྱུར་བགྲོད་ལྕགས་ལམ་གྱི་ཧོ་ཧྥེ་ནས་ཝུའུ་ཧན་བར་གྱི་ལམ་དུམ། ཐུང་སུའུ་ཅ་ཡུང་དང་ཧོ་ཤིན་མྱུར་བགྲོད་ལྕགས་ལམ་སོགས་རྣམ་གྲངས11ལས་འགོ་འཛུགས་རྒྱུ་དང་། ཞུས་ལེན་མྱུར་བགྲོད་ལྕགས་ལམ་དང་ཅ་ཞིན་འབབ་ཚུགས་སྒྱུར་བཀོད་ལས་གྲྭ ཨན་ཅིའུ་མྱུར་བགྲོད་ལྕགས་ལམ། ཧང་ཧྲའོ་ཐའེ་ལྕགས་ལམ་སོགས་གཙོ་གནད་རྣམ་གྲངས6འཛུགས་སྐྲུན་ལག་བསྟར་བྱེད་རྩིས་ཡོད།

སྔོན་དཔག་བྱས་ན“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ཁྲི1ལས་བརྒལ་བ་དང་གཉེར་སྐྱོང་ལམ་ཚད་སྤྱི་ལེ4000གསར་སྣོན་བྱུང་བའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ3500ཇེ་མང་དུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།