ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་གཞི་རིམ་མང་ཚོགས་ལ་བརྟེན་དགོས་ཞེས་གསུངས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུབ་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས།  ཞི་ཅིན་ཕིང་གིས་འཐུས་མི་ཧྲ་ཧྥིན་གྱི་གཞི་རིམ་དུ་སྤྱི་ཚོགས་བཅོས་སྐྱོང་བྱ་བ་སྤེལ་དགོས་པའི་གཏམ་བཤད་ལ་ཉན་རྗེས་ཁོང་གིས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ལ་དེའི་རྨང་གཞི་ནུས་ཤུགས་ནི་གཞི་རིམ་དུ་ཡོད་སྟབས་གཞི་རིམ་གྱི་རྨང་གཞི་དེ་ཟམ་མི་ཆད་པར་ཇེ་བརྟན་དུ་གཏོང་རྒྱུ་མ་ཟད། གཞི་རིམ་གྱི་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་རྣམས་ཧུར་ཐག་སྒོས་སྤྱི་ཚོགས་བཅོས་སྐྱོང་གི་བྱ་བའི་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱིས་ཁྲིམས་ཤེས་པ་དང་ཁྲིམས་ལ་བཀུར་བ། ཁྲིམས་ལ་བརྩི་སྲུང་བཅས་བྱ་རྒྱུ་སྣེ་ཁྲིད་བྱ་དགོས། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།