ཀྲུང་གོ་བོད་ཀྱི་དྲ་བ།

ཟླ3ཚེས6ཉིན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་དང་གྲོས་བསྡུར་བྱ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མི་ཚོགས་པ་ཁག་གིས་ཚང་འཛོམས་གྲོས་ཚོགས་འཚོག་སྟེ“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུ་དང་། ཕྱི་དྲོར་འཐུས་མི་ཚོགས་པ་ཁག་གིས་ཚོགས་ཆུང་ཚོགས་འདུ་འཚོག་སྟེ་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་འཆར་ཟིན་ལ་ཞིབ་བཤེར་བྱ་རྒྱུ་རེད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་ཚེས6ཉིན་གྱི་ཉིན་ཧྲིལ་བོར་ཚོགས་ཆུང་གི་ཚོགས་འདུ་འཚོག་རྒྱུ་ཡིན་ལ། སྔ་དྲོར་སྲིད་གཞུང་གི་བྱ་བའི་སྙན་ཞུ་དང་འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་ལ་གྲོས་བསྡུར་བྱ་རྒྱུ་དང་། ཕྱི་དྲོར“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་དང2035ལོའི་རྒྱང་རིང་གི་དམིགས་འབེན་རྩ་གནད་ཀྱི་འཆར་ཟིན་ལ་གྲོས་བསྡུར་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།