ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་གཙོ་བོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚོགས་འགོ་ཚུགས་པའི་ཚོགས་འདུ་ཚེས5ཉིན་གྱི་དུས་ཚོད9སྟེང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་ཤིང་། ཞི་ཅིན་ཕིང་བཅས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམ་པ་ཚོགས་ཆེན་ལ་ཞུགས།

ཙུང་ལི་ལི་ཁི་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། ནང་དོན་གཙོ་བོ་ནི་གཤམ་ལྟར།

དང་པོ། ན་ནིང་གི་བྱ་བའི་སྤྱི་སྡོམ།

རིམས་ནད་སྔོན་འགོག་ཚོད་འཛིན་ཕྱོགས་ནས་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་པ།

གོ་ལ་ཧྲིལ་བོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་དཔལ་འབྱོར་དྲང་འཕར་བྱུང་བའི་རྒྱལ་ཁབ་གཅིག་པུར་མངོན་འགྱུར་བྱས་པ།

ལོ་ཧྲིལ་བོའི་རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར2.3%འཕར་སྣོན་བྱུང་བ།

ཁྲོམ་རའི་གཙོ་གཞིར་བུན་ཁྲལ་མར་གཅོག་ཚད་སྒོར་དུང་ཕྱུར2.6ལས་བརྒལ་བ།

གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི1186གསར་སྣོན་བྱུང་བ།

ལོ་མགོར་ལུས་ཡོད་པའི་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཁྲི551ཚང་མ་དབུལ་ཐར་བྱུང་ཞིང་། དབུལ་ཕོངས་རྫོང52ཀྱི་དབུལ་ཞྭ་ཕུད་པ།

རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཕྱོགས་ནས་སྔར་བཞིན་མི་འདང་ས་ཡོད་པས། དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་སྲ་བརྟན་མིན་པ།

གཉིས་པ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དམིགས་འབེན་གཙོ་བོ།

དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་ཁྱབ་ཁོངས་སུ་སྲུང་འཛིན་བྱེད་པ།

རྒྱུན་སྡོད་མི་གྲངས་གྲོང་རྡལ་ཅན་དུ་བསྒྱུར་ཚད65%ལ་མཐོར་འདེགས་གཏོང་བ།

མི་རེའི་སྔོན་དཔག་ཆ་སྙོམས་ཚེ་ཚད་ཡང་བསྐྱར་ལོ1གི་ཇེ་མཐོར་གཏོང་བ།

གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་དེ5.5%མན་དུ་ཚོད་འཛིན་བྱེད་པ།

གཞི་རྩའི་རྒན་གསོ་འགན་སྲུང་དུ་ཞུགས་ཚད་དེ95%ལ་མཐོར་འདེགས་གཏོང་བ།

གསུམ་པ། ད་ལོའི་དམིགས་འབེན་གཙོ་བོ།

རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར6%ཡན་འཕར་བ།

གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི1100ཡན་གསར་སྣོན་བྱེད་པ།

སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་སུ་སླེབས་པ།

རྩིས་གཞིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་བྱེད་ཚད་དེ3%ཡས་མས་སུ་མར་གཅོག་པ།

འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར1.3ཡན་དུ་སྲུང་འཛིན་བྱེད་པ།

བཞི་བ། ད་ལོའི་གཙོ་གནད་བྱ་བ་ཁག་ཅིག

ནོར་སྲིད། ད་ལོའི་ནོར་སྲིད་མཚལ་ཡིག་བྱུང་ཚད་དེ3.2%ཡས་མས་འཆར་འགོད་གཏན་འབེབས་བྱེད་པ།

ཁྲལ་འཕྲི། གཞི་ཁྱོན་ཆུང་བའི་ཁྲལ་མཇལ་མཁན་གྱི་རིན་འཕར་ཁྲལ་བསྡུ་ཚད་གཞི་དེ་ཟླ་རེའི་ཕྱིར་འཚོང་སྒོར་གྲངས་ཁྲི10ནས་སྒོར་ཁྲི15ལ་ཇེ་མཐོར་གཏོང་བ།

ཡོན་གཅོག། ཁེ་ལས་ཆུང་འབྲིང་གི་ཁྱོན་ཡངས་དྲ་བ་དང་ཆེད་དམིགས་དྲ་བའི་ཆ་སྙོམས་ཀྱི་སྦྲག་གྲོན་དེ་ཡང་བསྐྱར10%མར་གཅོག་པ།

འཛད་སྤྱོད། གཏན་འཇགས་ངང་རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་དངོས་ཆེན་པོའི་རིགས་ཇེ་མང་དུ་གཏོང་བ།

གསར་སྐྲུན།  “ལོ་བཅུར་རལ་གྲི་ཞིག་བརྡར”པའི་སྙིང་སྟོབས་ལ་བརྟེན་ནས། གཙོ་གནད་ཁྱབ་ཁོངས་སུ་ཐོལ་བརྒལ་ཆེན་པོ་མངོན་འགྱུར་བྱེད་པ།

གྲོང་གསེབ་དར་སྤེལ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་འབྲེལ་མཐུད་བྱེད་པ།

སྒོ་འབྱེད། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་མཉམ་ལས་རོགས་ཟླའི་འབྲེལ་བའི་ཆོད་དོན་སྔ་མོ་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་དངུལ་གཏོང་ཆོད་དོན་ལ་མིང་རྟགས་འགོད་པར་སྐུལ་འདེད་གཏོང་བ།

ཁོར་སྲུང་། བྱང་རྒྱུད་ས་ཁུལ་གྱི་དྭངས་གཙང་དྲོད་ལེན་བྱེད་ཚད70%ལ་སླེབས་པ།

སློབ་གསོ། སློབ་གསོ་དྲང་སྙོམས་ཕྱོགས་ནས་གོམ་སྟབས་ཆེན་པོ་སྤོ་བ།

སྨན་བཅོས་འགན་སྲུང་། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དང་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་ལ་སོ་སོར་སྒོར30ནས་སྒོར50ཁ་སྣོན་བྱེད་པ།

སྡོད་ཁང་། གྲོང་ཁྱེར་ཆེན་མོའི་སྡོད་ཁང་གི་འབུར་ཐོན་གནད་དོན་ཐག་གཅོད་ལེགས་པོ་བྱེད་པ། ཡུན་རིང་གླ་གཏོང་སྡོད་ཁང་གི་ཚོང་ར་ཚད་ལྡན་དུ་བཏང་ནས། གླ་གཏོང་སྡོད་ཁང་གི་ཁྲལ་གྲོན་ཁུར་བོ་ཇེ་ཡང་དུ་གཏོང་བ།

རིག་རྩལ། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་གྲ་སྒྲིག་གང་ལེགས་བྱེད་པ།

ཀང་ཨོ་ཐའེ་། དམིགས་བསལ་སྲིད་འཛིན་ས་ཁུལ་དང་མཉམ་དུ་བཅའ་ཁྲིམས་དང་གཞི་རྩའི་ཁྲིམས་ལུགས་ལག་བསྟར་བྱེད་པའི་འབྲེལ་ཡོད་ཀྱི་ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།