ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་ཚེས4ཉིན་གྱི་ཕྱི་དྲོའི་དུས་ཚོད3སྟེང་སྲིད་གྲོས་ཀྱི་ཚོགས་ཆེན་འཚོགས་འགོ་རྩོམ་པར་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(两会)(1)全国政协十三届四次会议举行新闻发布会

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཚེས3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་ཤིང་། ཚོགས་ཆེན་གྱི་གསར་འགྱུར་མགྲིན་ཚབ་པ་ཀུའོ་ཝུའེ་མིན་གྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད3སྟེང་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོག་འགོ་རྩོམ་པ་དང། 3པའི་ཚེས10ཉིན་གྱི་ཕྱི་དྲོར་གྲོས་ཚོགས་གྲོལ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

དྲ་རྒྱའི་བརྙན་ལམ་བརྒྱུད་ནས་ཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། གསར་འགྱུར་མགྲིན་ཚབ་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་མཉམ་དུ་ཕལ་ཆེར་དུས་ཚོད་གཅིག་ལྷག་ཙམ་གྱི་རིང་ལ། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་བཏོན་པའི་གནད་དོན12ལ་ལན་བཏབ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།