ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་འབབ་རྒྱུད་ཀྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་ཇེ་ཆུང་དང་ཤུགས་ཚད་ཇེ་དམའ་རུ་སོང་།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2011ལོའི་ཟླ3པའི་ཚེས1ཉིན་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས》ལག་བསྟར་བྱས་ཚུན། ཆུ་བེད་པུའུ་འབྲི་ཆུའི་ཆུ་བེད་ཨུ་ལྷན་གྱིས་འབབ་རྒྱུད་ཀྱི་ཞིང་ཆེན19དང་མཉམ་དུ་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། ལོ10ཡི་རིང་འབྲི་ཆུའི་འབབ་རྒྱུད་དུ་ས་ཆུ་ཤོར་བའི་རྒྱ་ཁྱོན་དང་ཤུགས་ཚད་གཉིས་ཀ་མར་ཆག་པ་དང་། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི4.75ཇེ་ཆུང་དུ་ཕྱིན་ལ་མར་ཆག་ཚད13.70%ལ་སླེབས་ཡོད། 

ཤེས་རྟོགས་བྱུང་བ་ལྟར་ན། ལོ10ཡི་རིང་། འབྲི་ཆུ་འབབ་རྒྱུད་ས་ཁུལ་གྱི་ས་ཆུ་སྲུང་འཛིན་གྱི་ཕྱོགས་བསྡུས་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི16.96ཟིན་པ་དང་། འབབ་ཁུལ་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་180ལ་ས་ཆུ་ཤོར་ཚུལ་གྱི་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ནས་ཁྱབ་ཡོད། རྫོང(གྲོང་ཁྱེར་དང་ཆུས)497ལ་རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་ལྟ་སྐུལ་དོ་དམ་ནུས་པ་འཛུགས་སྐྱོང་གི་ཚད་ལོན་ཞིབ་བཤེར་རྩིས་ལེན་བྱས་པ་དང་། རྒྱང་ཚོར་ལག་རྩལ་སྤྱད་དེ་ཆུ་བོ་འབབ་ཁུལ་ཡོངས་ཀྱི་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་རྒྱང་ཚོར་ལྟ་སྐུལ་དོ་དམ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་ཁྲི23.29བྱས་པ་རེད། འབབ་རྒྱུད་ཀྱི་གཙོ་གནད་བཅོས་སྐྱོང་ཁུལ་གྱི་ས་ཆུ་ཤོར་བའི་རྒྱ་ཁྱོན་དེ་འཕར་སྣོན་ནས་ཇེ་ཆུང་དང་། ཤུགས་ཚད་མཐོ་བ་ནས་དམའ་བར་བསྒྱུར་བ་མངོན་འགྱུར་བྱུང་ཡོད།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།