ཀྲུང་གོ་བོད་ཀྱི་དྲ་བ།

“ཏང་བཙུགས་ནས་ལོ་ངོ་བརྒྱ”བརྗོད་དོན་ཡིན་པའི་ཕུལ་བྱུང་དྲ་རྒྱའི་རྩོམ་རིག་བརྩམས་ཆོས564དྲ་ཐོག་ཏུ་རིན་མེད་ངང་སྤེལ་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཏང་བཙུགས་ནས་ལོ་འཁོར་བརྒྱ”ལོན་པ་བརྗོད་དོན་ཡིན་པའི་དྲ་རྒྱའི་རྩོམ་རིག་གི་གསར་རྩོམ་གྲུབ་འབྲས་མངོན་ཆེད། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དྲ་རྒྱའི་རྩོམ་རིག་ལྟེ་གནས་ཀྱིས་ཚེས2ཉིན་གཙོ་གནད་དྲ་རྒྱའི་ཕུལ་བྱུང་རྩོམ་རིིག་བརྩམས་ཆོས་མཉམ་འབྲེལ་འགྲེམ་སྟོན་གྱི་འགོ་རྩོམ་མཛད་སྒོ་སྤེལ་བ་དང་། ཕུལ་བྱུང་དྲ་རྒྱའི་རྩོམ་རིག་བརྩམས་ཆོས564དྲ་ཐོག་ཏུ་ཀློག་པ་པོར་རིན་མེད་ངང་སྤེལ་རྒྱུ་རེད། 

ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་དྲ་རྒྱའི་རྩོམ་རིག་ལྟེ་གནས་ཀྱིས་ཚེས2ཉིན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལས། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་དྲ་རྒྱའི་རྩོམ་རིག“ལོ་ངོ་བརྒྱའི་བརྩམས་ཆོས་བརྒྱ”ཡི་མུ་འབྲེལ་བྱ་འགུལ་གྱི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་དྲ་རྒྱའི་རྩོམ་རིག་ལྟེ་གནས་ཀྱི་ཀྲུའུན་རེན་གཞོན་པ་ཧུ་ཧོང་གིས་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་རྒྱུར། དྲ་རྒྱའི་ཕུལ་བྱུང་རྩོམ་རིག་བརྩམས་ཆོས་མཉམ་འབྲེལ་འགྲེམ་སྟོན་ནི་བྱ་འགུལ་གྱི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ནང་གི་གཙོ་གནད་དྲ་ཚིགས30ལྷག་རྩ་འཛུགས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འབད་བརྩོན་གྱི་གོ་རིམ་མཚོན་པའི་ཕུལ་བྱུང་དྲ་རྒྱའི་རྩོམ་རིག་བརྩམས་ཆོས་སྐོར་ཞིག་བདམས་ཏེ། དྲ་ཐོག་གི་རྣམ་པས་རྒྱ་ཆེའི་ཀློག་པ་པོར་རིན་མེད་ངང་སྒོ་འབྱེད་རྒྱུ་ཡིན་ཟེར། 

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། “ལོ་ངོ་བརྒྱའི་བརྩམས་ཆོས་བརྒྱ”ཡི་དྲ་རྒྱའི་རྩོམ་རིག་གི་མུ་འབྲེལ་བྱ་འགུལ་ལ་ད་དུང་དྲ་རྒྱའི་རྩོམ་རིག་གི“ལོ་ངོ་བརྒྱའི་བརྩམས་ཆོས་བརྒྱ”ཡི་གསར་རྩོམ་བཟོ་སྐྲུན་དང་། ཆེད་དོན་གསོ་སྦྱོང་བྱ་འགུལ། དེ་མིན“ཏང་ང་ཡི་སེམས་ཁོང་ན་ཡོད་”ཅེས་པའི་རྩོམ་ཐུང་བསྡུ་སྒྲིག་བྱ་འགུལ་བཅས་ཡོད། དེའི་ཁྲོད། དྲ་རྒྱའི་རྩོམ་རིག་གི“ལོ་ངོ་བརྒྱའི་བརྩམས་ཆོས་བརྒྱ”ཡི་གསར་རྩོམ་བཟོ་སྐྲུན་གྱིས་དྲ་རྒྱའི་རྩོམ་རིག་བརྩམས་ཆོས100གསར་རྩོམ་གཙོ་གནད་དུ་བཟུང་ནས། དྲ་རྒྱའི་རྩོམ་པ་པོས་ཏང་ལ་དགའ་བ་དང་ཏང་ལ་གསར་རྩོམ་བྱེད་པ། ཏང་ལ་བསྟོད་གླུ་འབུལ་བ་མ་ཟད། ཟླ5བར་བསམ་བློ་དང་སྒྱུ་རྩལ་གྱི་ཆུ་ཚད་མཐོ་བའི་ཕུལ་བྱུང་བརྩམས་ཆོས20བདམས་ཏེ་འོས་སྦྱོར་བགྲོ་གླེང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།