ཀྲུང་གོ་བོད་ཀྱི་དྲ་བ།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ནར་མ་སོན་པའི་མིའི་གྱོད་དོན་གནད་དོན་རྟོག་ཞིབ་ཞིབ་འཇུག་ལ་ཤུགས་བསྣོན་དགོས་ཞེས་བསྟན།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས2ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་གསལ་བྱུང་བ་ལྟར་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལོ་ཆུང་ཁྲིམས་ར་བྱ་བའི་གཞུང་སྒྲུབ་ཁང་གིས་ལོ་ཆུང་བྱིས་པའི་ནག་ཉེས་དང་། བྱིས་པར་བཙན་གཡེམ་བྱེད་པ། མགོ་གཡོག་བསླུ་ཚོང་བྱེད་པ། སློབ་རའི་གཉའ་གནོན། བྱིས་པར་མནར་གཅོད་གཏོང་བ། གཞིས་སྲུང་བྱིས་པའི་ལྟ་སྐྱོང་། བྱིས་པའི་བརྡ་འཕྲིན་བདེ་འཇགས་སོགས་སྤྱི་ཚོགས་ཀྱི་དོ་སྣང་བྱེད་པའི་གནད་དོན་དང་། ཁྲིམས་འཛིན་ལག་ལེན་གྱི་དཀའ་གནད་གནད་དོན་བཅས་ལ་དམིགས་གཏད་རང་བཞིན་གྱིས་ལོ་ཆུང་བྱིས་པར་འདྲི་གཅོད་བྱེད་པའི་གནད་དོན་ཞིབ་འཇུག་ལ་ཤུགས་སྣོན་རྒྱུ་རེད། 

ཤེས་གསལ་བྱུང་བ་ལྟར་ན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ད་དུང་དུས་ཐོག་ཏུ་ཁྲིམས་འཛིན་འགྲེལ་བ་དང་ཁྲིམས་འཛིན་སྲིད་ཇུས་བཟོ་བཅོས་དང་གསར་ཏུ་གཏན་འཁེལ་བྱས་ཏེ། དུས་བསྟུན་གྱིས་མཛུབ་སྟོན་རང་བཞིན་གྱི་གྱོད་དོན་དང་དཔེར་མཚོན་གྱོད་དོན། འདྲི་གཅོད་མཛུབ་སྟོན་ལ་ཤུགས་བསྣོན་དང་། བརྡར་གཅོད་ཀྱི་ཤུགས་ཚད་གཅིག་གྱུར་བྱས་ཏེ། ནར་མ་སོན་པའི་མིའི་གྱོད་དོན་དང་འབྲེལ་བའི་འདྲི་གཅོད་ཀྱི་དྲང་བདེན་མངོན་པར་ཁག་ཐེག་བྱེད་རྒྱུ་རེད། 

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པའམ་ལོ་ཆུང་ཁྲིམས་རའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དབྱང་ཝན་མིན་གྱིས་བཤད་རྒྱུར། ལོ་ཆུང་འདྲི་གཅོད་ཀྱི་ལོ་ངོ30རིང་གི་འཚོལ་ཞིབ་དང་ལག་ལེན་ལས་ར་སྤྲོད་བྱུང་བ་ལྟར་ན། འདྲི་གཅོད་ཆེད་ལས་ཅན་ནི་ནར་མ་སོན་པའི་མིའི་དམིགས་བསལ་གྱི་ཚོགས་པའི་ཁྲིམས་འཛིན་འགན་སྲུང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་ཆུང་ཁྲིམས་རའི་བྱ་བའི་གཞུང་སྒྲུབ་ཁང་གིས་ཕན་ནུས་ལྡན་པའི་ལོ་ཆུང་འདྲི་གཅོད་བྱ་བའི་ཤུགས་ཚད་གཅིག་བསྡུས་བྱས་ཏེ། བྱ་བའི་གཏན་སྲོལ་དང་འཁོར་རྒྱུག་སྒྲིག་སྲོལ་སྒྲིག་འཛུགས་བྱེད་པ་དང་། འདྲི་གཅོད་དང་དོ་དམ།ལས་སྒྲུབ་སོགས་སྡེ་ཁག་གིས་ནར་མ་སོན་པའི་མིར་འབྲེལ་བ་ཡོད་པའི་གྱོད་དོན་གྱི་ཆེད་སྤྱོད་བསྡོམས་རྩིས་དང་། རྒྱུགས་ལེན་དཔྱད་ཞིབ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། དུས་མཚུངས་སུ། རྒྱལ་ཡོངས་ལོ་ཆུང་ཁྲིམས་རའི་བྱ་བའི་གཅིག་གྱུར་མཐུན་སྦྱོར་དང་གཅིག་གྱུར་མཛུབ་སྟོན་ལ་ཤུགས་སྣོན་བྱེད་དགོས་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣོན་པ་བརྒྱུད། རྒྱལ་ཡོངས་ཁྲིམས་ཁང་དུ་དཔེ་སྟོན་གྱི་ཕན་ནུས་ཆགས་སུ་བཅུག་སྟེ། ནར་མ་སོན་པའི་མིའི་འདྲི་གཅོད་ཀྱི་སྔར་སོང་གི་དགེ་མཚན་འདོན་སྤེལ་བྱས་ནས། ད་ཡོད་ཀྱི་ཉམས་མྱོང་གྲུབ་འབྲས་རྒྱུན་འཁྱོངས་དང་སྲ་བརྟན་དུ་བཏང་སྟེ། རྒྱལ་ཡོངས་ལོ་ཆུང་ཁྲིམས་རའི་བྱ་བ་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།