ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ17གྱི་དཔེ་སྐྲུན་ལས་ཁུངས་ཀྱིས་རང་རྒྱལ་དང་མཉམ་དུ་བརྗེད་ཐོར་མིང་རྟགས་བཀོད་དེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་ལོ་ཙཱ་དང་དཔེ་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ17གྱི་དཔེ་སྐྲུན་ལས་ཁུངས་ཀྱིས་རང་རྒྱལ་དང་མཉམ་དུ་བརྗེད་ཐོར་མིང་རྟགས་བཀོད་དེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་ལོ་ཙཱ་དང་དཔེ་སྐྲུན་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། རྒྱལ་ཁབ17གྱི་སྙན་གྲགས་ཆེ་བའི་དཔེ་སྐྲུན་ལས་ཁུངས་སོ་སོས་ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུའུ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་དང་མཉམ་དུ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པའི་རྒྱལ་སྤྱིའི་མཉམ་ལས་ལོ་ཙཱ་དང་དཔེ་སྐྲུན་གྱི་བརྗེད་ཐོར་མིང་རྟགས་བཀོད་དེ། ཐུན་མོང་གིས་སྐད་རིགས་མང་པོའི་པར་གཞིའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་ལོ་ཙཱ་དང་དཔེ་སྐྲུན་བྱས་པ་རེད།

རྒྱལ་ཁབ17དེ་དག་ནི་སོ་སོར་ཨར་པ་ནི་ཡ་དང་། ཕོ་ལན། རོ་མ་ནི་ཡ། ཨུ་རུ་སུ་དཀར་པོ། ཝུའུ་ཁི་ལན། ཨ་ཧྥུ་ཧན། ཁམ་ཕུ་ཁྲེ། ནེ་པ་ལ། ལའོ་ཝུའོ། བྷང་ག་ལ། ཐེ་ལན། རྒྱ་གར། ཕ་ཁི་སི་ཐན། སི་རི་ལན་ཁ། ཐ་ཅི་ཁི་སི་ཐན། ཅི་ཨར་ཅི་སི་སི་ཐཱན། མོང་གོལ་རྒྱལ་ཁབ་བཅས་རེད།

ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པ་དེ། 2020ལོའི་ཟླ6པའི་ཚེས30ཉིན་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་རྒྱ་ཡིག་དང་དབྱིན་ཡིག་གི་པར་གཞི་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པའི་ནང་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་ལོ་བརྒྱའི་རིང་འཛམ་གླིང་ཐོག་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོར་དམིགས་ཏེ།  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། རླབས་ཆེན་གྱི་འཐབ་རྩོད་དང་རླབས་ཆེན་གྱི་ལས་གྲྭ། རླབས་ཆེན་གྱི་བྱ་གཞག  རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སོ་སོར་འཕེལ་རྒྱས་གལ་ཆེན་གསར་བ་ཡོང་བར་སྐུལ་འདེད་གཏོང་བའི་ལག་ལེན་རླབས་པོ་ཆེའི་སྐོར་གསོན་ཉམས་ལྡན་པའི་ངང་བཀོད་ཡོད་ལ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་གཅིག་བསྡུས་ཀྱིས་མངོན་པར་བྱས་ཡོད་པས།  རང་རེའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་ཀྱི་ཇུས་གཞི་གང་ལེགས་ཕུལ་བ་མངོན་ཡོད་པས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ཀྱི་གསུང་རྩོམ་ཞིག་རེད།

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་དང་པོ་དང་གཉིས་པ། གསུམ་པ་བཅས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་དོ་ཁུར་དང་གདེང་འཇོག་ཐོབ་ཡོད། མིག་སྔར་གསུང་རྩོམ་དེ་སྐད་རིགས33ཀྱི་སྒོ་ནས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ170ལྷག་ཙམ་ལ་ཁྱབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པའི་ཧྥ་རན་སི་དང་། ཨུ་རུ་སུ། སི་ཕེན་ཡ། ཨ་རབ། འཇར་མན། འཇར་པན། ཕོར་ཐིའུ་ཡ་སོགས་སྐད་ཡིག་གི་པར་གཞིའི་ཡིག་སྒྱུར་དང་དཔེ་སྐྲུན་བྱེད་བཞིན་ཡོད། རྒྱལ་ཁབ་མང་པོའི་སྙན་གྲགས་ཆེ་བའི་དཔེ་སྐྲུན་ལས་ཁུངས་སོ་སོས་ས་གནས་རང་གི་སྐད་རིགས་ཀྱི་པར་གཞི་ལོ་ཙཱ་དང་དཔེ་སྐྲུན་བྱ་རྒྱུའི་ཐད་རང་རྒྱལ་དང་མཉམ་ལས་བྱ་རྒྱུའི་འདུན་པ་བསྟན་ཡོད།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་གསུམ་པའི་རྒྱལ་སྤྱིའི་མཉམ་ལས་ལོ་ཙཱའི་དཔེ་སྐྲུན་ལ་སྐུལ་འདེད་བཏང་བ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་དེ་བས་ལེགས་པོའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འདུ་ཤེས་དང་། སྲིད་སྐྱོང་ལག་ལེན། སྲིད་སྐྱོང་གྲུབ་འབྲས་བཅས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་དང་མིའི་རིགས་ཀྱི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།