ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཀྲུང་གོ་དང་ཕ་ཁི་སི་ཐན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོར་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས2ཉིན། རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་བརྙན་ལམ་བརྒྱུད་ནས་ཕ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་ཁུའུ་ལེ་ཞི་དང་མཉམ་དུ་ཀྲུང་གོ་དང་ཕ་ཁི་སི་ཐན་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་མགོ་ཚུགས་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ།

ཝང་དབྱི་ཡིས་ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་གོ་སྐབས་དམ་པོར་བཟུང་ནས། སྔར་ལས་ཆུ་ཚད་མཐོ་བ་དང་ཁྱབ་རྒྱ་ཆེ་བ། རིམ་པ་ཟབ་པའི་སྒོ་ནས་མཉམ་ལས་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཆེར་བཏང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་། དོ་ཁུར་བྱེད་སྲིད་པའི་གནད་དོན་གལ་ཆེན་བཅས་ཀྱི་ཕྱོགས་ནས། མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་དང་། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཐད་ཀྱི་འབྲེལ་གཏུག་རོགས་ལས་ལ་ཤུགས་སྣོན་པ་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་འགྱུར་ལྡོག་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་ཀྱི་ཕྱོགས་ནས་དཔུང་པ་མཉམ་གཤིབ་སྒོས་ཁ་གཏོད་བྱེད་དགོས་ཞེས་གསུངས།

ཁུའུ་ལེ་ཞི་ཡིས་ཕ་ཁི་སི་ཐན་ཕྱོགས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བྱེད་པ་དང་། མཐའ་གཅིག་ཏུ“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོར་རྒྱབ་སྐྱོར་བྱེད་པ། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་དེ“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་རྣམ་གྲངས་ལ་འགྱུར་ངེས་ཡིན་ཞེས་པའི་བསམ་པ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།