ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2021-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། པེ་ཅིང2022ལོའི་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ཚོགས་འདུ་ཚེས1ཉིན་པེ་ཅིང་དུ་འཚོགས། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའམ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་ཚའེ་ཆི་ཡིས་རྒྱ་ཆེའི་ལུས་རྩལ་པར་འགྲན་ཞུགས་ཉམས་ལེན་དང་འགྲན་ཞུགས་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་། རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་སེན་སི་ཡིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་ངོ་མཚར་ཆེ་ལ་གྲུབ་འབྲས་དང་རྒྱལ་ཁ་ཡིས་གཏམས་པའི་དབང་བོ་སྐྱོན་ཅན་གྱི་ལུས་རྩལ་རྒྱས་འཛོམས་གཟབ་རྒྱས་ཤིག་ཡིན་པ་ཡིད་ཆེས་ཡོད་ཅེས་བཤད།

ཚའེ་ཆི་ཡིས་བརྙན་ལམ་བརྒྱུད་ནས་ཤིས་ཚིག་གསུང་སྐབས་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་དང་རྒྱལ་ཁབ(ས་ཁུལ)དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་འཐུས་མི་རྣམས་ཐེངས་འདིའི་ཚོགས་གཙོའི་ཚོགས་འདུར་ཞུགས་པར་དགའ་བསུ་ཞུས། ཁོང་གིས་བསྟན་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་དགུན་དུས་ཀྱི་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ལས་དོན་ཁྲོད་རྒྱལ་ཁབ(ས་ཁུལ)དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་དང་འཐུས་མི་ཚོགས་པའི་གྲོས་མགོ་ལ་ནན་གྱིས་ཉན་པ་དང་། ལུས་རྩལ་པ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“ཁོང་ཡངས་རང་བཞིན་གྱི”འདུ་ཤེས་མངོན་པར་བྱས་ཏེ་རྒྱ་ཆེའི་ལུས་རྩལ་པར་འགྲན་ར་རྩེ་གྲ་དང་འགྲན་བསྡུར་ཞབས་ཞུ་རྩེ་གྲ་འདོན་སྤྲོད་བྱས་ནས་འགྲན་ཞུགས་ཉམས་ལེན་དང་འགྲན་ཞུགས་ཁོར་ཡུག་སྔར་ལས་ཧུར་ཐག་སྒོས་གཏོད་དགོས་ཞེས་གསུངས་པ་རེད། ཁོང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་དང་། རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་དང་མཉམ་དུ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་དོན་ལས་ཀའི་ལམ་སྲོལ་བཙུགས་ཏེ། རྒྱལ་ཁབ(ས་ཁུལ)དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་ལག་གདང་མཉམ་སྦྲེལ་སྒོས་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོར་བསྒྲུབས་ཏེ་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་བདེ་འཇགས་དང་བདེ་བླག་ངང་འཚོག་ཐུབ་པར་ཁག་ཐེག་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

འཐུས་མི་ཚོགས་པའི་ཚོགས་གཙོ་ཚོགས་འདུ་འཚོགས་སྐབས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལུས་རྩལ་དང་ལུས་རྩལ་ཁང་། རྨང་གཞིའི་སྒྲིག་བཀོད་སོགས་ལས་སྒོའི་ཁྱབ་ཁོངས19ཡི་གྲ་སྒྲིག་ལས་དོན་གྱི་འཕེལ་རིམ་དང་འབྲེལ་ཡོད་ཞབས་ཞུའི་སྲིད་ཇུས་ངོ་སྤྲོད་གནང་།

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བ་དེ་མིན་རྒྱལ་ཁབ(ས་ཁུལ)36གི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ལྷན་གྱི་འཐུས་མི75ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།