ཟླ2པའི་ཚེས27ཉིན། ཚན་རིག་ལག་རྩལ་པུའུ་ཚད་མཐོའི་ལག་རྩལ་ཞིབ་འཇུག་འཕེལ་རྒྱས་ལྟེ་གནས་ཀྱིས(རྨང་གཞིའི་ཞིབ་འཇུག་དོ་དམ་ལྟེ་གནས)2020ལོའི་ལོ་འཁོར་གྱི་ཀྲུང་གོའི་ཚན་རིག་གི་འཕེལ་རིམ་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་པ་རེད།
རང་རྒྱལ་གྱི་ཚན་རིག་པས་པྲོག་གསར་གློ་ཚད་རིམས་ནད་ལ་འབད་པ་ཆེན་པོས་ཁ་གཏད་འཇལ་བ་དང་འབུར་ཐོན་གྱི་གྲུབ་འབྲས་ཐོབ་པ། ཟླ་བའི་ལྷ་མོ་ཨང་ལྔ་བ་རྟགས་ཅན་གྱིས་ཐོག་དང་པོར་ཟླ་བའི་ངོས་ནས་རང་འགུལ་ངང་མ་དཔེ་ལེན་ཐུབ་པ་བྱུང་། “འབད་འཐབ་པ”རྟགས་ཅན་གྱིས་ཀྲུང་གོའི་མི་སྡོད་མཚོ་ཉུལ་གྱི་ཟིན་ཐོ་བསྐྲུན་པ། མི་རིགས་ཀྱི་རྒྱུད་རྒྱུ་དངོས་པོའི་གོ་རིམ་གལ་ཆེན་གསར་རྟོགས་བྱུང་བ། ཚད་མཐོའི་གློག་གནོན་དང་གློག་འདྲེན་ནུས་པ་ལྡན་པའི་དྭངས་གསལ་ལྕགས་ཀྱི་གློག་གི་བརྡར་གཟུགས་ཞིབ་འཇུག་བྱས་ནས་ཐོན་པ། 2020ལོར་ཇོ་མོ་གླང་མའི་མཐོ་ཚད་གསར་བ་འཇལ་བ། གནའ་བོའི་གཞི་རྒྱུ་སྐོར་ལས་ལོ་ངོ་ཁྲི་ལྷག་གི་ཀྲུང་གོ་བའི་མི་ཚོགས་ཀྱི་འཕེལ་འགྱུར་དང་གནས་སྤོའི་ལོ་རྒྱུས་མངོན་པ། གྲངས་གཞི་ཆེན་པོས་ཞིབ་ཚད་ཆེས་མཐོ་བའི་སའི་གོ་ལའི་ལོ་ངོ་དུང་ཕྱུར3གྱི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་འཕེལ་འགྱུར་ལོ་རྒྱུས་མངོན་པ། དབང་བོ་མང་པོ་རྒས་འགྱུར་གྱི་མཚོན་རྟགས་དངོས་པོ་དང་ཚོད་འཛིན་དམིགས་ས་ཞིབ་འགྲེལ་ཟབ་མོ་བྱས་པ། རྫས་འགྱུར་འགྱུར་འབྱུང་གི་ཚོད་ལྟའི་ཁྲོད་ཚད་རྡུལ་ཚོད་འཛིན་སྣང་ཚུལ་མཐོང་བ།
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
2020ལོའི་ལོ་འཁོར་གྱི་ཀྲུང་གོའི་ཚན་རིག་གི་འཕེལ་རིམ་ཆེན་པོ་བཅུ།