ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས27ཉིན་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ6གསར་དུ་འཕར་བ་དང་ཚང་མ་ཕྱི་རྒྱལ་ནས་ཐོན་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས28ཉིན་གྱི་བརྡ་ཁྱབ་བཏང་བ་ལྟར། ཟླ2པའི་ཚེས27ཉིན་གྱི་ཆུ་ཚོད0ནས24ཡི་བར། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་དུ་པྲོག་གསར་གློ་ཚད་རིམས་ནད་གཏན་འཁེལ་བྱས་པའི་ནད་པ6གསར་དུ་འཕར་བ་དང་། དེ་དག་ཚང་མ་ཕྱི་རྒྱལ་ནས་ཐོན་པ་རེད། དེའི་ནང(ཧྥུའུ་ཅན་དུ་ནད་པ2དང་ཡུན་ནན་དུ་ནད་པ2 ཐེན་ཅིན་དུ་ནད་པ1 ཀོང་ཏུང་དུ་ནད་པ1)བཅས་ཡོད། གསར་དུ་འཆི་བའི་ནད་པ་མེད་ལ། དོགས་ཡོད་ནད་པ1ཡོད་ལ། དེ་ནི་ཕྱི་རྒྱལ་ནས་ཐོན་པའི་ནད་པ (ཧྲང་ཧེ་རུ་ཡོད)རེད།

ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ18གསར་དུ་འཕར་སྣོན་བྱུང་བ་དང་། གསོ་རིག་བརྟག་དཔྱད་ཕྱིར་འཐེན་བྱས་པའི་འབྲེལ་གཏུག་དམ་ཟབ་བྱེད་མཁན358ཡོད་པ་དང་། ནད་གཞི་ལྕི་མོ་ཕོག་པའི་ནད་པ་ཉིན་སྔོན་མ་དང་གཅིག་མཚུངས་རེད།

ཕྱི་རྒྱལ་ནས་ཐོན་པའི་ནད་རྟགས་ཐག་བཅད་པའི་ནད་པ162(ནད་གཞི་གཞི་ལྕི་མོ་ཕོག་པའི་ནད་པ་མེད)དང་། ད་ལྟ་དོགས་ཡོད་ནད་པ3ཡོད། བསྡོམས་རྩིས་བྱས་པ་ལྟར་ན་ནད་རྟགས་ཐག་བཅད་པའི་ནད་པ4990དང་། ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ4828དང་། འཆི་བའི་ནད་པ་མེད། །

ཟླ2པའི་ཚེས27ཉིན་གྱི་ཆུ་ཚོད24ཡི་བར། ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན།  ད་ལྟ་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ218གསར་དུ་འཕར་ཡོད། (དེའི་ནང་ནད་པ་ལྕི་མོ1ཡོད) བསྡོམས་རྩིས་བྱས་ན་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ85039ཡོད་པ་དང་། བསྡོམས་རྩིས་བྱས་ན་འཆི་བའི་ནད་པ4636དང་། ནད་རྟགས་ཐག་བཅད་པའི་ནད་པ89893ཡོད། ད་ལྟ་དོགས་ཡོད་ནད་པ3ཡོད་པ་རེད། བསྡོམས་རྩིས་བྱས་ན་འབྲེལ་གཏུག་དམ་ཟབ་བྱེད་མཁན978249ཡི་རྗེས་སྙེགས་ཐུབ་ཡོད་པ་དང་། གསོ་རིག་རྟོག་ཞིབ་བྱེད་བཞིན་པའི་འབྲེལ་གཏུག་དམ་ཟབ་བྱེད་མཁན4294ཡོད་པ་རེད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།