ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱིས་རང་འགན་གཙང་སྒྲུབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་ལེགས་པོར་འཚོགས་དགོས་ཞེས་བསྟན། 

1.jpg

ཟླ2པའི་ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་འབྲེལ་ཡོད་བརྡས་ཐག་གཅོད་པའི་བྱ་བ་ལེགས་སྒྲུབ་བྱུང་རྗེས་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་བ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་མཇུག་སྒྲིལ་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་འབྲེལ་ཡོད་བརྡས་ཐག་གཅོད་པའི་བྱ་བ་ལེགས་སྒྲུབ་བྱུང་རྗེས་ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་བ་རེད། 

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། ཐེངས་འདིའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུའི་མ་ཟིན་སོགས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་རྩ་དོན་ཐོག་གྲོས་འཆམ་བྱས་ནས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་འཚོག་རྒྱུར་གྲ་སྒྲིག་བྱས་ཡོད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་དབུལ་རྒྱུ་ནི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་དང་ཚོགས་འདུར་ཟུར་ཞུགས་བྱེད་མཁན་བློ་མཐུན་ཚོས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་ལ་ཡོངས་ཁྱབ་ནས་མོས་མཐུན་བྱུང་བ་རེད། གྲོས་ཞིབ་བྱེད་རིང་བཏོན་པའི་བསམ་འཆར་དང་གྲོས་གཞིའི་དོན་ཚན་རེ་རེ་བཞིན་ལེགས་སྒྲིག་བྱས་ཤིང་སྙན་ཞུའི་མ་ཟིན་བཟོ་བཅོས་དང་འཐུས་ཚང་དུ་གཏོང་རྒྱུ་ནན་འཛིན་བྱས་ཏེ་གོ་རིམ་ལྟར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པར་གྲོས་ཞིབ་བྱེད་པར་དབུལ་རྒྱུ་རེད།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཚོགས་འདུས་ཐམ་ཐོའི་ཁྲལ་རིགས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་ཐོག་མའི་གྲོས་ཞིབ་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་ཞིབ་བསམ་འཆར་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་མགོར་ཞིབ་འཇུག་ནན་ཏན་བྱས་ཏེ་འཆར་ཟིན་ལ་བཟོ་བཅོས་ཡག་པོ་བྱས། ཚོགས་འདུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“གཏན་འབེབས་གཅིག་དང་བཅའ་ཁྲིམས་གཅིག”གི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་དང་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་དོན་གཏུག་བཤེར་གོ་རིམ་སླ་བསྡུའི་ཁག་བགོས་སྒྱུར་བཅོས་ཚོད་ལྟའི་གནས་ཚུལ་སྐོར་གྱི་དུས་དཀྱིལ་སྙན་ཞུ་ལ་གསན་པ་རེད། སྙན་ཞུ་དེ་གཉིས་ལ་གསན་ཞིང་གྲོས་ཞིབ་བྱས་པ་ནི་དེ་སྔོན་གྱི་འབྲེལ་ཡོད་ལས་དོན་ལ་རྗེས་སྙེག་འདྲི་རྩད་བྱས་པ་རེད། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། ཐབས་མང་མཉམ་སྤྱོད་དང་གཅིག་འབྲེལ་གཅིག་སྦྲེལ། རྒྱུན་འཁྱོངས་ལྷོད་མེད་བཅས་བྱ་རྒྱུ་ནི་སྐབས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་ཁྱད་ཆོས་མངོན་གསལ་ཞིག་རེད། ཕྱོགས་འདིའི་ཐད་ཀྱི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་ནན་ཏན་བྱས་ཏེ་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ཡུལ་དང་རེ་འདུན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་གི་དཀའ་གནད་དང་ཚ་གནད་དག་དམངས་ཆེན་གྱི་འགན་འཁྲི་ཡིན་ཕྱིན། གཡོལ་བ་མེད་པར་འགན་འཁྲི་འཁུར་བ་དང་མུ་མཐུད་དུ་ཤུགས་བརྒྱབ་ནས་དམ་འཛིན་མཐར་ཕྱིན་བྱས་ཏེ་ཕན་འབྲས་ལེགས་པོ་ཐོབ་པར་ཁག་ཐེག་བྱ་དགོས། 

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། འཚོག་ལ་ཉེ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་འགོ་ཚུགས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཐེངས་འདིའི་ཚོགས་ཆེན་ལེགས་པོར་འཚོགས་ན། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་རྣམས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པར་སྐུལ་མ་དང་སྐུལ་སློང་བྱས་ཏེ། ཡིད་ཆེས་བརྟན་པོ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ལས་དོན་ལེགས་པོར་བསྒྲུབ་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི་”དུས་སྐབས་སུ་རང་རྒྱལ་འཕེལ་རྒྱས་ཀྱི་གོམ་པ་དང་པོ་ལེགས་པོར་སྤོ་བ། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་རྒྱུ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། བརྗོད་དོན་གཙོ་བོར་དམིགས་ནས་གྲོས་ཞིབ་ནན་ཏན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་། ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་འདུན་དང་རེ་འབོད་སྙན་ཞུ་བྱ་དགོས། ཡིད་ཆེས་བརྟན་པོ་དང་མི་སེམས་གསོ་བ། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་ཚོགས་འདུའི་རྣམ་པ་དང་གླེང་ཕྱོགས་གཏོད་ནས་དུས་ཐོག་དང་འཕྱུགས་མེད། ཁྱོན་ཡོངས་ནས་འཐུས་མིས་གྲོས་ཞིབ་བྱས་པའི་བསམ་འཆར་དང་ཚོགས་འདུའི་གནས་ཚུལ་ཡར་ཞུ་དང་སྒྲོག་སྤེལ་བྱས་ཏེ། གང་བསམ་ལྷུག་བརྗོད་དང་ཐུན་མོང་གིས་རྒྱལ་དོན་གྲོས་མོལ། ཐུན་མོང་གིས་འཕེལ་རྒྱས་དོན་གཉེར་བཅས་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་གཏོད་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་ཚོགས་འདུ་རྩ་འཛུགས་དང་གྲ་སྒྲིག་ལས་དོན་ཕན་འབྲས་ཐོན་པར་སྒྲུབ་པ་དང་། སྔོན་བཀོད་ཀྱི་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱས་ནས་ཚོགས་ཆེན་བདེ་བླག་ངང་འཚོགས་པ་དང་རྒྱལ་ཁའི་ངང་ལེགས་གྲུབ་ཡོང་བ་བཅས་བྱས་ནས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པ་དེ་དམངས་གཙོ་དང་མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།  །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།