ཀྲུང་གོ་བོད་ཀྱི་དྲ་བ།

འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུ་ཕུལ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱིས་ཏང་ཀྲུང་དབྱང་དང་ཞི་ཅིན་ཕིང་ལ་བྱ་བའི་སྙན་ཞུ་ཕུལ་བ་དང་། ཞི་ཅིན་ཕིང་གིས་ནན་ཏན་སྒོོས་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུར་ཞིབ་ལྟ་བྱས་པ་མ་ཟད་བླང་བྱ་གལ་ཆེན་བཏོན་ཞིང་། ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱ་དགོས་པ་དང་། དངོས་སྒྲུབ་བྱ་སྤྱོད་དང་གྲུབ་འབྲས་ཕུལ་བྱུང་གིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱིས་ལོ་རེར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་ཕུལ་བ་རེད། 

ཉེ་ཆར། འབྲེལ་ཡོད་བློ་མཐུན་གྱིས་གཏན་འབེབས་ལྟར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུ་གནང་། ཞི་ཅིན་ཕིང་གིས་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུར་ལྟ་ཀློག་ནན་ཏན་གནང་བ་དང་འབྲེལ་བླང་བྱ་གལ་ཆེན་ཡང་བཏོན་ཞིང་། ཁོང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བ་དང་། “ལྔ་བཅུ་བཞི”འགོ་ཚུགས་པའི་ལོ་ཡིན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་ལངས་ནས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”སྲ་བརྟན་དུ་བཏང་སྟེ“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས།  ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་གི་འགྱུར་ལྡོག་ཆེན་པོ་ལ་གཞི་ཚུགས་ནས་རླབས་ཆེ་བའི་འཆར་གཞི་བཟོ་པ་དང་འགན་འཁྲི་འཁུར་ཕོད་ལ། ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་ལས་དོན་ལ་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་ནན་ཏན་སྒོས་འཁུར་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ་སྣེ་ཁྲིད་ནས་སྤྱོད་གཙང་རང་གཅུན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དཔེ་སྟོན་གྱི་མིག་དཔེའི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྔར་བས་འབད་འབུངས་ཡར་བརྩོན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཁུལ་ཁག་དང་སྡེ་ཁག་སོ་སོ། ཕྱོགས་སོ་སོའི་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། དངོས་སྒྲུབ་བྱ་སྤྱོད་དང་ཕུལ་བྱུང་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས།

འབྲེལ་ཡོད་བློ་མཐུན་གྱིས་འདས་ཟིན་པའི་ལོ་གཅིག་རིང་གི་བསམ་བློ་དང་ལས་ཀའི་གནས་ཚུལ་ལ་ཁྱོན་ཡོངས་ནས་གསེད་འགྲོལ་དང་ཕྱོགས་སྡོམ་བྱས་ཏེ། སྒམ་བརླིང་ཟོལ་མེད་ཀྱི་རྣམ་འགྱུར་དང་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཀྱིས་ལས་འགན་སྒྲུབ་ཚུལ་སྙན་ཞུ་བྱས་ཡོད། ལས་འགན་སྒྲུབ་ཚུལ་སྙན་ཞུའི་ནང་དུ་ཉམས་མྱོང་དང་མྱོང་ཚོར་ཕྱོགས་བསྡོམས་བྱས་པ་དང་། གནད་དོན་དང་ཞན་ཆར་དབྱེ་ཞིབ། ཁྱོན་ཡོངས་ལ་དམིགས་ནས་རྗེས་ཕྱོགས་ཀྱི་འབད་བརྩོན་ཁ་ཕྱོགས་བཏོན་ཡོད། ནང་དོན་གཙོ་བོ་གཤམ་གསལ་ལྟར།

གཅིག་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་སྒྲིག་ལམ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲུང་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྲུང་སྐྱོང་གི་ནུས་པ་དང་ཕན་འབྲས་ཆེ་རུ་གཏོང་དགོས།

གཉིས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། སློབ་པ་དང་རྟོགས་པ། སྒྲུབ་པ་བཅས་ཀྱིས་ཐད་འབད་བརྩོན་བྱས་ཏེ་དོན་དངོས་རྟོགས་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་ཆེན་ཁྲོད་ཞུགས་ནས་རིག་གཞུང་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས། 

གསུམ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་དམིགས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་འོག ལས་བགོས་འགན་འཁུར་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པོར་བསྒྲུབས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བའི་རྙོག་འཛིང་གི་རྣམ་པར་བརྟན་བརླིང་ངང་ཁ་གཏད་འཇལ་བ་དང་། ཧུར་ཐག་གིས་རང་རང་སོ་སོའི་ལས་བགོས་འགན་འཁུར་ཁྱབ་ཁོངས་སུ་རང་འགན་རང་སྒྲུབ་བྱེད་དགོས།

བཞི་ནི་དགོངས་ཞུ་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། གནད་དོན་གལ་ཆེན་དང་དོན་དག་གལ་ཆེན། ལས་དོན་གལ་ཆེན་བཅས་ཀྱི་འཕེལ་རིམ་གནས་ཚུལ་རང་རྟོགས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགོངས་ཞུ་དང་སྙན་སེང་ཞུ་དགོས་ལ། ལས་བགོས་དོ་དམ་ཁྱབ་ཁོངས་དང་ལས་བགོས་དོ་དམ་ལས་དོན་ཁྲོད་དམངས་གཙོ་དར་སྤེལ་དང་ཡང་དག་པའི་གཅིག་སྡུད་བྱེད་དགོས།

ལྔ་ནི་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ་ནན་མོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དག་ཐེར་བཅོས་སྐྱོང་གཏིང་ཟབ་བྱེད་པ་དང་། རང་ཉིད་དང་གཉེན་ཉེ། ཉེ་འགྲམ་གྱི་ལས་བྱེད་མི་སྣ་བཅས་ལ་བླང་བྱ་ནན་མོ་བཏོན་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།