ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་དྲི་བ་དྲིས་ལན》པར་བསྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དོན་འཁྱོལ་བྱ་རྒྱུ་གཏིང་ཟབ་དུ་གཏོང་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྩ་འཛུགས་དང་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དཔེ་ཆ་དེ་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གི་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་ཤིང་། ཉིན་དེ་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྒྱུ་རེད། 

《དྲི་བ་དྲིས་ལན》དེས་ལག་ལེན་དང་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས། གཞུང་ལུགས་ཀྱི་ཚ་གནད་དང་དཀའ་གནད་ལ་གཞིགས་ཏེ་ལས་བྱེད་མང་ཚོགས་ཀྱི་དོ་སྣང་ལ་ལན་བཏབ་ཡོད་པ་དང་། དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཞི་རྩའི་བསམ་བློ་དང་གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་དོན་ཟབ་ལ་གོ་སླ་བས་འགྲེལ་བཤད་བརྒྱབ་ཡོད་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཏང་གི་གསར་སྐྲུན་གཞུང་ལུགས་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པར་རོགས་འདེགས་བྱེད་ཐུབ་ལ། སྔར་བས་རང་རྟོགས་སྒོས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བར་ཕན་ནུས་ལྡན། 《དྲི་བ་དྲིས་ལན》ལ་བསྡོམས་པས་ཚན་པ7དང་དྲི་བ100ཡོད། དེར་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་གསར་ལ། ཡིག་རིས་གཉིས་ལྡན་ཡིན་པས་གོ་བདེ་ཞིང་རྟོགས་སླ་བས། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་རམ་འདེགས་ཀློག་དེབ་གལ་ཆེན་ཞིག་ཡིན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།