རང་རྒྱལ་གྱི་མི་རེའི་ཆ་སྙོམས་ཀྱིGDPབསྟུད་མར་ལོ་གཉིས་ལ་ཨ་སྒོར་ཁྲི1ལས་བརྒལ་བ།

1127150605_16145196184091n.jpg

འདི་ནི་ཟླ2པའི་ཚེས28ཉིན་ལས་བཟོ་བས་ཧྲན་ཏུང་ཞིང་ཆེན་ཆིན་ཀྲོའུ་གྲོང་ཁྱེར་གྱི་རླངས་འཁོར་བཟོ་སྐྲུན་ཁེ་ལས་སུ་ཐོན་སྐྱེད་བྱེད་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས28ཉིན་ཁྱབ་བསྒྲགས་བྱས་པའི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བསྡོམས་རྩིས་ཀྱི་སྤྱི་བསྒྲགས་ལྟར་ན། ལོ་ཧྲིལ་བོར་མི་རེའི་ཆ་སྙོམས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར72447ལ་སླེབས་པ་དང་ལོ་སྔོན་མ་དང་བསྡུར་ན2%འཕར་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲིན་ལེ་ཡོན་གྱིས་བཤད་རྒྱུར། རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི100ལས་བརྒལ་ཏེ། མི་རེའི་ཆ་སྙོམས་ཀྱིGDPབསྟུད་མར་ལོ་གཉིས་ལ་ཨ་སྒོར་ཁྲི1ལས་བརྒལ་བ་རེད། ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཕབ་རྩིས་བྱས་པ་ལྟར་ན། 2020ལོར་རང་རྒྱལ་གྱི་དཔལ་འབྱོར་སྤྱི་འབོར་དེ་འཛམ་གླིང་དཔལ་འབྱོར་གྱི་བསྡུར་ཚད་ལས17%བརྒལ་ཡོད་ཟེར།

སྤྱི་བསྒྲགས་ལྟར་ན། ལོ་ཧྲིལ་བོར་ཚོང་རའི་གཙོ་གཞི་ཁྲི2502གསར་དུ་ཐོ་འགོད་བྱས་ཡོད་ཅིང་། ཉིན་རེར་ཆ་སྙོམས་སུ་ཁེ་ལས་ཁྲི2.2གསར་དུ་ཐོ་འགོད་བྱས་ཡོད་ལ། ལོ་མཇུག་ཏུ་ཚོང་རའི་གཙོ་གཞིའི་སྤྱི་གྲངས་ཁྱིམ་ཚང་དུང་ཕྱུར1.4ལ་སླེབས་ཡོད།

ཚན་རྩལ་ཕྱོགས་ནས་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། ལོ་ཧྲིལ་བོར་འཕེལ་རྒྱས(R&D)ཞིབ་འཇུག་དང་ཚོད་ལྟ་བྱེད་པའི་འགྲོ་གྲོན་སྒོར་དུང་ཕྱུར24426ལ་སླེབས་ཏེ། ལོ་སྔོན་མ་ལས10.3%འཕར་ཡོད། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་དང་བསྡུར་ཚད2.4%ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།