ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ལག་ཁྱེར་ཁ་པར་ལས་དྲ་ཞུགས་བྱེད་མཁན་མི་དུང་ཕྱུར9.86ལ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་ཟླ2པའི་ཚེས28ཉིན་བསྒྲགས་པའི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྡོམ་རྩིས་སྤྱི་བསྒྲགས་ལས་མངོན་པ་ལྟར་ན། ལོ་མཇུག་ཏུ་འཕྲིན་སྦྲེལ་དྲ་བའི་དྲ་ཞུགས་བྱེད་མཁན་མི་དུང་ཕྱུར9.89ཡོད་པ་དང་དེའི་ནང་ལག་ཁྱེར་ཁ་པར་ལས་དྲ་ཞུགས་བྱེད་མཁན་མི་དུང་ཕྱུར9.86ལ་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན། 2020ལོའི་ལོ་ཧྲིལ་བོར་སྤོ་སྒུལ་འཕྲིན་སྦྲེལ་དྲ་བའི་སྤྱོད་མཁན་གྱི་བཞུར་ཚདGBདུང་ཕྱུར1656ལ་སླེབས་ཤིང་ལོ་སྔོན་མ་ལས35.7%འཕར་ཡོད། གཞན་ཡང2020ལོའི་ལོ་ཧྲིལ་བོར་མགྱོགས་སྐྱེལ་དངོས་པོ་དུང་ཕྱུར833.6དབོར་སྐྱེལ་བྱས་ཡོད།

སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2020ལོའི་ལོ་ཧྲིལ་བོར་རྒྱལ་ཡོངས་ཀྱི་རིགས་སོ་སོའི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་ཁྲི209བསྒྱུར་བཀོད་བྱས་པ་དང་དེའི་ནང་སྡོད་ཁང་ཁྲི203བསྒྱུར་བཀོད་ལེགས་འགྲུབ་བྱས་ཡོད།

སྡོད་དམངས་ཀྱི་ཡོང་འབབ་དང་འཛད་སྤྱོད་ཀྱི་ཐད་ནས། སྤྱིི་བསྒྲགས་ལས་མངོན་པ་ལྟར་ན། 2020ལོར་རྒྱལ་ཡོངས་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར27540དང3.8%འཕར་ཡོད་ལ། རྒྱུན་སྡོད་ས་ཁུལ་ལྟར་དབྱེ་ན། གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར40378དང2.9%འཕར་ཡོད། ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར15204དང5.7%འཕར་ཡོད། གཞན་ཡང་ལོ་ཧྲིལ་བོར་རྒྱལ་ཡོངས་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་འཛད་སྤྱོད་འགྲོ་གྲོན་སྒོར21210དང་ལོ་སྔོན་མ་ལས1.6མར་ཆག་ཡོད་ལ། རིན་གོང་གི་རྒྱུ་རྐྱེན་ཕུད་ཚེ་དོན་དངོས་ཐོག4%མར་ཆག་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།