ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྐོར་རིམ་དྲུག་པའི་རྒྱལ་ཡོངས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེ་སྟོན་ས་ཚིགས་དང་ལས་གནས་སུ་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་ལ་མིང་བཏགས།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཉེ་ཆར། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེ་སྟོན་ས་ཚིགས་དང་ལས་གནས་སུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་ལ་མིང་བཏགས་ཏེ། 《དུས་རབས་གསར་བའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལག་བསྟར་རྩ་གནད》ལག་ལེན་དོན་འཁྱོལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་ནས། མི་རྣམས་ཀྱི་ལེ་ཧྥུང་སྙིང་སྟོབས་དར་སྤེལ་དང་། ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བརྩེ་བའི་ཁྲོད་ཞུགས་ནས། སྤྱི་ཚོགས་ཡོངས་སུ་ལས་གནས་ལ་དགའ་བ་དང་། སྤྱི་ཚོགས་ལ་བྱས་རྗེས་འཇོག་པ། རྒྱལ་ཁབ་འཛུགས་སྐྲུན་གྱི་སྲོལ་བཟང་ཆགས་སུ་འཇུག་དགོས་ཞེས་ནན་གྱིས་བསྟན། 

ཐེངས་འདིར་མིང་བཏགས་པའི་སྐོར་རིམ་དྲུག་པའི་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེ་སྟོན་ས་ཚིགས་དང་ལས་གནས་སུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་སོ་སོ50ཡོད་པ་དང་། དེར་ལས་རིགས་སོ་སོ་དང་འཐབ་ཕྱོགས་སོ་སོ། ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ སྡེ་ཁུལ། སྨན་ཁང་སོགས་གཞི་རིམ་ལས་ཁུངས་ནས་ཡོང་བ་དང་། པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་དང་དབུལ་ཐར་འགག་སྒྲོལ་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་སྔོན་ཐོན་དཔེ་ལེགས་བཅས་འདུས་ཡོད་ཅིང་། ཁོ་ཚོ་ཚང་མ་ནི་ལེ་ཧྥུང་སྙིང་སྟོབས་དར་སྤེལ་དང་། དུས་རབས་ལ་བྱས་རྗེས་བཞག་པའི་ཕུལ་བྱུང་འཐུས་མི་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་མཁན་ཡང་ཡིན་པ་རེད།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ས་ཁུལ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “འགན་སྲུང་གཉིས”ལེགས་པོར་སྒྲུབ་ཏེ། སྐོར་རིམ་དྲུག་པའི་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེ་སྟོན་ས་ཚིགས་དང་ལས་གནས་སུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག་ལ་མིང་བཏགས་པའི་གོ་སྐབས་དང་བསྟུན་ནས། གསར་གཏོད་རྒྱུན་འཁྱོངས་དང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣོན། དེ་མིན་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་སྤེལ་ནས། སྤྱི་དམངས་ཀྱི་ཀུན་སྤྱོད་སྤུས་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཚད་གཞི་མཐོ་རུ་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་བར”་ཧུར་བརྩོན་དང་། མདུན་བསྐྱོད་གསར་བར་བསམ་བློའི་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།