ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྐབས24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་སྐབས24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་གྱི་འགག་རྩའི་དུས་སྐབས་ཀྱི་གཙོ་གནད་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཧན་ཀྲིན་གྱིས2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་སྔར་ལས་ཆེ་རུ་བཏང་ནས“མདོར་བསྡུས་དང་། བདེ་འཇགས། ངོ་མཚར་ཆེ་བ”བཅས་ཀྱི་འགྲན་བསྡུར་གཉེར་བའི་བླང་བྱ་མངོན་གསལ་དོད་པ་དང་། འཕྲད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་སེལ་བ། གྲ་སྒྲིག་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་ལྟར་བདེ་བླག་ངང་གཉེར་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་གསུངས་པ་རེད།

ཟླ2པའི་ཚེས23ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧན་ཀྲིན་གྱིས་སྐབས24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཧན་ཀྲིན་གྱིས་འགྲན་ཁང་དང་འགྲན་ར་འཛུགས་སྐྲུན་དང་དོ་དམ་ལེགས་པོ་བྱས་ནས་འགྲན་རའི་སྒྲིག་བཀོད། སྒྲིག་ཆས་རྒྱུན་ཆད་མེད་པར་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་དུས་ལྟར་འགྲན་བསྡུར་མེད་པའི་འགྲན་ར་དང་། སྒྲིག་བཀོད་སྣ་ཚོགས། དེ་མིན་འགོག་མེད་ཁོར་ཡུག་བཅས་ལེགས་འགྲུབ་བྱ་རྒྱུ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྟབས་བསྟུན་གྱིས་ཚད་ལེན་ཚོད་ལྟའི་བྱེད་སྒོ་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱ་རྒྱུ། འགྲན་བསྡུར་བྱེད་སྐབས་བདེ་འཇགས་དང་ཕན་འབྲས་ཐོན་པར་འགན་སྲུང་བྱས་ཏེ་འགྲན་བསྡུར་འཁོར་སྐྱོད་དང་བཀོད་འདོམས་མ་ལག་བསྐྲུན་ནས་ཐབས་ཇུས་དང་། བཀོད་གཏོང་། འཁོར་རྒྱུག་བཅས་གོ་རིམ་ལྡན་པའི་ངང་བཀོད་འདོམས་བཀོད་གཏོང་དང་འཕྲལ་སྡོམ་འགན་ལེན་ནུས་པ་ཆགས་པར་བྱ་རྒྱུ། དྲིལ་བསྒྲགས་ཁྱབ་གདལ་དང་། རིག་གནས་བྱེད་སྒོ་ཇུས་འགོད་དང་སྒྲིག་འཛུགས་ཡག་པོ་བྱས་ཏེ་མགོ་ཚུགས་མཇུག་འགྲིལ་མཛད་སྒོ་དང་དཔལ་འབར་བརྒྱུད་སྤྲོད་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། གོ་ཆོད་དང་། འདང་ངེས། སྤྱོད་གོ་ཆོད་པ་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཞག་སྡོད་དང་། བཟའ་བཏུང་། འགྲིམ་འགྲུལ། སྨན་བཅོས། བདེ་འཇགས་འགན་སྲུང་སོགས་ཀྱི་འགྲན་བསྡུར་ཞབས་ཞུའི་ལས་དོན་ལ་ཁག་ཐེག་བྱ་དགོས། ཐཱན་དམའི་དོ་དམ་ནན་མོ་བྱས་ཏེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཐཱན་འབུད་ཚད་དམིགས་ཚད་ལྟར་མངོན་འགྱུར་ཡོང་བ་བྱ་དགོས། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་དམ་འཛིན་ནན་མོ་བྱས་ནས་གངས་འཁྱགས་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ལུས་རྩལ་གྱི་ཀུན་སྤྱོད་སྙིང་སྟོབས་དར་སྤེལ་བཏང་ནས་ངར་སྐྱེད་སྨན་རྫས་ཀྱི་གནད་དོན་ཐད་ཐེར་འདོན་མཐའ་འཁྱོངས་བྱ་རྒྱུ། སྒྲིག་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པའི་མཉམ་ཤུགས་ཆེན་པོ་སྐྱེད་རྒྱུ་དང་། སྤྱོད་གཙང་ཨོ་རྩལ་འགྲན་ཚོགས་གཉེར་བའི་བླང་བྱ་དོན་འཁྱོལ་ནན་མོ་བཅས་བྱས་ནས་གྲབས་གཉེར་ལས་དོན་དྭངས་གཙང་ལྷད་མེད་ཡོང་བ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་སུང་ཁྲུན་ལན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། སྐབས24པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།