ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་རབས་གསར་བར་གསར་བརྗེའི་གནས་རྙིང་ཁུལ་གྱི་དར་རྒྱས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་པར་བསྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2021-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་བྱས་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་སྔོན་དུས་རབས་གསར་བར་གསར་བརྗེའི་གནས་རྙིང་ཁུལ་གྱི་དར་རྒྱས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བསམ་འཆར་པར་བསྐྲུན་འགྲེམ་སྤེལ་བྱས། 

བསམ་འཆར་ལས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ནང་གི་སྒུལ་ཤུགས་སྐུལ་སྤེལ་བྱེད་པ། ཁྱད་སྟོབས་བཟང་བོ་འདོན་སྤེལ་བྱས་ཏེ་དུས་རབས་གསར་བའི་དར་རྒྱས་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བཏོད་དགོས་ཟེར། 

བསམ་འཆར་ལས་ཉིས་སྟོང་ཉེར་ལྔ་ལོའི་བར་གསར་བརྗེའི་གནས་རྙིང་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་གཏོང་དགོས་པ་དང་། ཉིས་སྟོང་སོ་ལྔ་ལོའི་བར་གསར་བརྗེའི་གནས་རྙིང་ཁུལ་དེ་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་དགོས་པ་གསལ་བོར་གཏན་འཁེལ་བྱས་ཡོད། 

བསམ་འཆར་ལས་ཕྱོགས་གསུམ་གྱི་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཡོད་དེ། གཅིག་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་དར་རྒྱས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་ཚོགས་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱས་ནས་གསར་བརྗེའི་གནས་རྙིང་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། གསུམ་ནས་སྤྱི་བའི་ཞབས་ཞུའི་ཞན་ཆ་ཁ་གསབ་བྱས་ནས་གསར་བརྗེའི་གནས་རྙིང་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། 

བསམ་འཆར་ལས་བསྟན་དོན། སྲིད་ཇུས་མ་ལག་དང་ནུས་ལྡན་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས་པ་དང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ནོར་སྲིད་དངུལ་ལོར་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། ས་ཞིང་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་བསྒྱུར་བྱས་ཏེ། རྩ་འཛུགས་ལག་བསྟར་ལ་ཤུགས་སྣོན་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།