ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཧྭ་གོ་ཧྥུན་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བློ་མཐུན་ཧྭ་གོ་ཧྥུན་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཚེས་ཉི་ཤུ་ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་བྱ་འགུལ་ལ་ཞུགས་པར་མ་ཟད་གསུང་བཤད་གནངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བྱ་འགུལ་ལ་ཞུགས། 

ཝང་ཧུའུ་ཉིང་གིས་བསྟན་དོན། བློ་མཐུན་ཧྭ་གོ་ཧྥུན་ནི་ཀྲུང་གོའི་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་གཞུང་དྲང་གི་གུང་ཁྲན་རིང་ལུགས་འཐབ་མོ་བ། འབྱོར་མེད་གྲལ་རིམ་གྱི་གསར་གསར་བརྗེ་བ་བཅས་ཡིན། སྔོན་ཆད་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ལས་འགན་གལ་ཆེན་ཁུར་མྱོང་། ཁོང་གི་མི་ཚེ་ནི་གསར་བརྗེ་དང་འཐབ་རྩོད་ཀྱི་མི་ཚེ་ཞིག་ཡིན་པར་མ་ཟད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་མི་ཚེ་ཞིག་ཀྱང་ཡིན། ཁོང་གིས་ཏང་དང་མི་དམངས་ཀྱི་བྱ་གཞག་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཅེས་གསུངས། 

ཝང་ཧུའུ་ཉིང་གིས་བསྟན་དོན། ང་ཚོས་བློ་མཐུན་ཧྭ་གོ་ཧྥུན་ལ་རྗེས་དྲན་བྱེད་ན། ཁོང་གི་ཏང་གཤིས་བརྟན་པོ་དང་ཏང་ལ་བློ་དཀར་བའི་ཆབ་སྲིད་གཤིས་སྤྱོད། ཐོག་མའི་སེམས་འདུན་མི་བརྗེད་པ་དང་མི་དམངས་སེམས་ལ་འཛིན་པའི་བརྩེ་བ་ཟབ་མོ། དངོས་གཉེར་བདེན་འཚོལ་གྱི་ཡ་རབས་སྤྱོད་ཚུལ། སྤྱོད་གཙང་རང་གཅུན་གྱི་བླ་མེད་གཤིས་ཀ་བཅས་ལ་སློབ་སྦྱོང་བྱེད་དགོས། བཞུད་ལམ་གསར་བའི་སྟེང་ང་ཚོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཉེ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཤིང་། དཀའ་ཁག་ཁྱད་བསལ་དང་གསར་གཏོད་གསར་སྤེལ་བྱས་ནས། ཧུར་ཐག་སྒོས་དུས་རབས་ལ་ངོ་གནོངས་མི་དགོས་པ་དང་མི་དམངས་ལ་ངོ་གནོངས་མི་དགོས་པ། སྔ་རབས་པར་ངོ་གནོངས་མི་དགོས་པའི་བྱ་བའི་གྲུབ་འབྲས་གསར་བ་བསྐྲུན་དགོས་ཞེས་གསུངས། 

ཁྲིན་ཞེ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། སུང་ཁྲོན་ལན་དང་ཀྲང་ཡུག་ཞཱ་བཞུགས་མོལ་ཚོགས་འདུར་ཞུགས། 

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆའི་ཞིབ་འཇུག་ཁང་གི་ཡོན་ཀྲང་ཆུས་ཆིན་ཧྲན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཏེན་ཞོས་ཏུང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་ཡི་ཀྲུའུ་རིན་ལས་རོགས་པ་ལིས་ཅོན། ཧྲན་ཞི་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཧུའུ་ཡུས་ཐེན་བཅས་ཀྱི་སྔ་གཞུག་ཏུ་གཏམ་བཤད་སྤེལ། ཀྲུང་དབྱང་ཏང་སྲིད་དམག་གསུམ་གྱི་འབྲེལ་ཡོད་སྡེ་ཁག་དང་པེ་ཅིང་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན། ཧྲན་ཞི་ཞིང་ཆེན་བཅས་ཀྱི་འགན་ཁུར་བློ་མཐུན། བློ་མཐུན་ཧྭ་གོ་ཧྥུན་གྱི་གཉེན་ཉེ། སྔོན་ཆད་ཀྱི་གྲོགས་པོ། སྔོན་ཆད་ཀྱི་བྱ་བའི་ལས་གྲོགས། ཕ་ཡུལ་གྱི་འཐུས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།