ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་རིམས་ནད་ཀྱི་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་གཅིག་ཀྱང་མེད་པར་གྱུར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2པའི་ཚེས22ཉིན་ནས་བཟུང་ཝང་ཁུའེ་རྫོང་གི་རིམས་ནད་ཉེན་ཁའི་རིམ་པ་དེ་འབྲིང་རིམ་ཉེན་ཁའི་ས་ཁུལ་ནས་ཉེན་ཁ་ཆུང་བའི་ས་ཁུལ་དུ་བསྒྱུར་བས་ལུང་ཅང་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ཚང་མ་ཉེན་ཁ་ཆུང་བའི་ས་ཁུལ་དུ་གྱུར་པ་རེད། དེ་སྔོན་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན། ཟླ2པའི་ཚེས22ཉིན་ནས་བཟུང་ཧྲི་ཅ་ཀྲོང་གྲོང་ཁྱེར་གའོ་ཁྲིན་ཆུས་གྱི་ས་ཁོངས་ཚང་མ་ཉེན་ཁ་ཆུང་བའི་ས་ཁུལ་དུ་བསྒྱུར་ཡོད་ལ། མཐའ་མཇུག་གི་ཉེན་ཁའི་ས་ཁུལ་གཉིས་ཉེན་ཁ་ཆུང་བའི་ས་ཁུལ་དུ་བསྒྱུར་པ་དང་བསྟུན་ནས་རྒྱལ་ཡོངས་སུ་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་གཅིག་ཀྱང་མེད་པར་གྱུར་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།