ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།


བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཆའི་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཆ་པར་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས། ཆེད་དོན་རྩོམ་ཡིག་གཅེས་བསྡུས་སུ། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་རྩོམ་ཡིག་གལ་ཆེན40བསྡུ་སྒྲིག་བྱས་ཡོད་ཅིང་། དེའི་ཁྲོད་ཀྱི་རྩོམ་ཡིག་ཁ་ཤས་ཐོག་མར་ཡོངས་བསྒྲགས་འགྲེམ་སྤེལ་བྱས་པ་ཡིན།

ལོ་རྒྱུས་ནི་ཆེས་བཟང་བའི་བསླབ་གཞི་ཡིན་ཞིང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་གི་ལོ་རྒྱུས་དང་དམ་དུ་འབྲེལ་ཏེ་གཞུང་ལུགས་ཞིབ་བརྗོད་གལ་ཆེན་སྐོར་ཞིག་སྤེལ་བ་དང་། ང་ཚོ་ཏང་གིས་མཐུན་སྒྲིལ་སྒོས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་གྱི་འོད་སྟོང་འབར་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོ་ནས་གསར་སྐྲུན་བྱས་པའི་གཞུང་ལུགས་གྲུབ་འབྲས་ལ་སྤྱི་བསྡོམས་དང་། རྩ་ཆེ་བའི་ཉམས་མྱོང་གསོག་ཉར། དེ་མིན་རླབས་ཆེ་བའི་དགོངས་དོན་སྐྲུན་ཏེ། ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཐད་རླབས་ཆེ་བའི་བྱས་རྗེས་བཞག་པ་དང་། མིའི་རིགས་ཀྱི་གནད་དོན་ཐག་གཅོད་ཐད་མཁོ་འདོན་བྱས་པའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་བྱེད་ཐབས་ལ་གསལ་འགྲེལ་བྱས་ཤིང་། ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་ཀྱི་འོད་སྣང་མདུན་ལྗོངས་ལ་ཕྱིར་མིག་བལྟས། གཞུང་ལུགས་ཞིབ་བརྗོད་གལ་ཆེན་དེ་དག་གི་ནང་དོན་ཕུན་སུམ་ཚོགས་ཤིང་། བསམ་བློ་གཏིང་ཟབ་ལ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་པ་དེས། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་པར་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལས་རྣམ་པར་རྒྱལ་བ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་བྱེད་པར་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན།། 



རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།