2020ལོར་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱུར28.79ལ་སླེབས་པ་དང་དུས་མཉམ་ལས52.1%མར་ཆག་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ནང་གི་ཡུལ་སྐོར་དཔེ་འཐེན་བརྟག་བཤེར་མཇུག་འབྲས་ལས་མངོན་པ་ལྟར་ན། པྲོག་དབྱིབས་རིམས་ནད་ཀྱི་ཤུགས་རྐྱེན་འོག 2020ལོར་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱུར28.79ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་མི་ཐེངས་དུང་ཕྱུར30.22ཇེ་ཉུང་དུ་སོང་ལ52.1%མར་ཆག་ཡོད། 

དེའི་ནང་དུས་ཚིགས་དང་པོར་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱུར2.95དང་དུས་མཉམ་ལས83.4%མར་ཆག་ཡོད། དུས་ཚིགས་གཉིས་པར་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱུར6.37དང་དུས་མཉམ་ལས51.0%མར་ཆག་ཡོད། དུས་ཚིགས་གསུམ་པར་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱུར10.01དང་དུས་མཉམ་ལས34.3%མར་ཆག་ཡོད། དུས་ཚིགས་བཞི་བར་རྒྱལ་ནང་གི་ཡུལ་སྐོར་མི་གྲངས་མི་ཐེངས་དུང་ཕྱུར9.46དང་དུས་མཉམ་ལས32.9%མར་ཆག་ཡོད།

རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2.23དང་ལོ་སྔོན་མའི་དུས་མཉམ་ལས་སྒོར་དུང་ཕྱུར3.50ཇེ་ཉུང་དུ་སོང་ཞིང61.1%མར་ཆག་ཡོད། མི་རེའི་ཆ་སྙོམས་ཀྱིས་ཡུལ་སྐོར་འཛད་སྤྱོད་སྒོར774.14དང་ལོ་སྔོན་མའི་དུས་མཉམ་ལས18.8%མར་ཆག་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།