ཀྲུང་གོ་བོད་ཀྱི་དྲ་བ།

ལོ་སར་སྐབས་སུ་རྒྱལ་ཡོངས་ཀྱིས་བསྡོམས་པས་འགྲུལ་པ་མི་ཐེངས་ཁྲི7724.3སྐྱེལ་འདྲེན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལོ་སར་གྱི་ཚེས་གཅིག་ཉིན་ནས་ཚེས་ལྔ་ཉིན་བར་དུ། རྒྱལ་ཡོངས་ལྕགས་ལམ་དང་གཞུང་ལམ། ཆུ་ལམ། མཁའ་ལམ་བཅས་ཀྱིས་བསྡོམས་པས་འགྲུལ་པ་མི་ཐེངས་ཁྲི7724.3སྐྱེལ་འདྲེན་བྱས་ཏེ། 2019ལོའི་དུས་མཉམ་དང་བསྡུར་ན76.4%ཆག་པ་དང་། 2020ལོའི་དུས་མཉམ་དང་བསྡུར་ན43.1%ཆག་ཡོད།

དུས་ཆེན་རྗེས་ཀྱི་ཕྱིར་ལོག་འགྲུལ་པ་མང་བའི་གནས་ཚུལ་ལ་ཁ་གཏད་འཇལ་ཆེད། མིག་སྔར་ས་གནས་མང་པོའི་འགྲིམ་འགྲུལ་སྡེ་ཁག་གིས་འགྲུལ་སྐྱེལ་རྩ་འཛུགས་ཇུས་གཞི་ལེགས་སྒྲིག་བྱས་ཏེ། ལམ་ཐིག་གཙོ་བོར་སྤྱི་སྤྱོད་རླངས་འཁོར་ཇེ་མང་དུ་གཏོང་བ་དང་། ས་འོག་ལྕགས་ལམ་གྱི་གཏོང་ཐེངས་ཇེ་མང་དུ་བཏང་ནས། འཁོར་སྐྱོད་ཞབས་ཞུ་དུས་ཚོད་ཇེ་རིང་དུ་བཏང་བ་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དངོས་འབེབས་ནན་མོ་བྱས། མཚོ་དོན་ལས་ཁུངས་ཀྱིས་གྲུ་གཟིངས་ཀྱི་རིམས་ནད་སྔོན་འགོག་བྱེད་ཐབས་དངོས་འབེབས་གཟབ་ནན་བྱེད་པའི་རྨང་གཞིའི་སྟེང་། དངོས་ཟོག་གལ་ཆེན་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ལ་སྟབས་བདེ་འགྲོད་ལམ་ཤར་གཏོང་བྱས་པ་རེེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།