ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱིས་བསྡོམས་པས་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་སྤྱི་ཆིང་ཁྲི1000ལྷག་ལེགས་འགྲུབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རྒྱལ་གྱིས་ཚན་རིག་དང་བསྟུན་པར་འགོག་བཅོས་བྱེད་པ་དང་། ཕྱོགས་བསྡུས་འགོག་བཅོས་བྱེད་པ། ཁྲིངས་ལྟར་འགོག་བཅོས་བྱེད་པ་བཅས་བྱས་ཏེ། བསྡོམས་པས་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་སྤྱི་ཆིང་ཁྲི1000ལྷག་ལེགས་འགྲུབ་བྱས་ཤིང་། རྡོ་སེག་ཅན་གྱི་བཅོས་སྐྱོང་གཞི་ཁྱོན་སྤྱི་ཆིང་ཁྲི130ལེགས་འགྲུབ་བྱས་ལ། བྱེ་ས་ཆེན་པོ་བཞི་ཡི་སྐྱེ་ཁམས་སྤྱིའི་ཆ་ནས་ལེགས་བཅོས་ཆེན་པོ་བྱུང་སྟེ། རྡོ་སེག་ཅན་དུ་འགྱུར་བའི་ཆུ་ཚད་རིམ་བཞིན་ཞི་ལྷོད་དུ་གྱུར།

རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་རིང་ལ་པེ་ཅིན་དང་ཐན་ཅིན་གྱི་བྱེ་ཁུངས་བཅོས་སྐྱོང་ལས་གཞི་ལས་བསྡོམས་པས་ནགས་སྐྲུན་ལས་འགན་སྤྱི་ཆིང་ཁྲི101.9ལེགས་འགྲུབ་བྱས་ཤིང་། ལས་གཞི་ལ་བརྟེན་ནས་བྱེ་ས་སྤྱི་ཆིང་ཁྲི3.47ལེགས་འགྲུབ་བྱས། ནང་སོག་དང་མཚོ་སྔོན། ཀན་སུའུ་སོགས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་ལྔ་ཡིས་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱེད་མགོ་བརྩམས། རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ46གསར་སྣོན་བྱས་པ་དང་། རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང50གསར་སྐྲུན་བྱས་ཡོད་ཟེར།

དེ་དང་ཆབས་ཅིག་རྡོ་སེག་ཅན་གྱི་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་སྟེ། མིག་སྔར་རང་རྒྱལ་གྱི་བྱེ་སེག་ཅན་གྱི་ས་ཞིང་གི་གཞི་ཁྱོན་སྤྱི་ཆིང་ཁྲི1007ལ་སླེབས་པ་དང་། དེ2011ལོ་དང་བསྡུར་ན་བྱེ་སེག་ཅན་གྱི་ས་ཞིང་གི་གཞི་ཁྱོན་སྤྱི་ཆིང་ཁྲི193.2ཇེ་ཉུང་དུ་གྱུར། དེའི་ཁྲོད། འབྲིང་རིམ་ཚབས་ཆེན་བྱེ་སེག་ཅན་གྱི་གཞི་ཁྱོན་སྤྱི་ཆིང་ཁྲི15.1ཇེ་ཉུང་དུ་ཕྱིན་པ་དང་། 47.1%ཇེ་ཉུང་དུ་སོང་ཡོད། འབྲི་ཆུའི་རྒྱུད་ཀྱི་བྱེ་འདམ40%ཡན་ཇེ་ཉུང་དུ་སོང་བ་དང་། རྡོ་སེག་ཅན་གྱི་ས་ཁུལ་དུ་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད61.4%ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།