སློབ་གསོ་པུའུ་ཡིས་བྱིས་པ་སློབ་གྲྭར་ཞུགས་པར་ངེས་པར་དུ་འགོག་སྨན་བརྒྱབ་པའི་དཔང་ཡིག་ལ་ཞིབ་བཤེར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ལོ་ཚོད་རན་པའི་བྱིས་པར་རྒྱལ་ཁབ་ཀྱི་རིན་མེད་འཆར་འགོད་འགོག་སྨན་རྒྱག་ཚད་མཐོ་རུ་གཏོང་བ་དང་། བྱིས་བཅོལ་སྡེ་ཁག་དང་བྱིས་སྐྱོང་ཁང་། སློབ་གྲྭའི་འགོས་ནད་འགོག་བཅོས་ཚོད་འཛིན་ལ་ཤུགས་བསྣོན་ཆེད། སློབ་གསོ་པུའུ་ཡིས་ཉེ་ཆར་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་སྒོས《བྱིས་པ་བྱིས་གཉོར་ཁང་དང་སློབ་གྲྭར་ཞུགས་པའི་འགོག་སྨན་དཔང་ཡིག་གི་ཞིབ་བཤེར་བྱེད་ཐབས》དཔར་འགྲེམ་བྱས་ནས། བྱིས་པ་མངགས་བཅོལ་ཁང་དང་སློབ་གྲྭར་ཞུགས་པར་ངེས་པར་དུ་འགོག་སྨན་བརྒྱབ་པའི་དཔང་ཡིག་ལ་ཞིབ་བཤེར་བྱེད་དགོས་པ་ནན་གྱིས་བསྟན། 

ཞིབ་བཤེར་བྱེད་ཐབས་ལས། ད་ལྟའི་དུས་སྐབས་སུ་རྒྱལ་ཡོངས་ཀྱི་བྱིས་བཅོལ་སྡེ་ཁག་དང་། བྱིས་སྐྱོང་ཁང་། སློབ་ཆུང་ཡོད་ཚད་དུ་བྱིས་བཅོལ་དང་སློབ་གྲྭར་ཞུགས་པའི་འགོག་སྨན་དཔང་ཡིག་གི་ཞིབ་བཤེར་བྱ་བ་སྤེལ་དགོས་པ་དང་། ཞིབ་བཤེར་ཁ་གཏོད་ས་དེ་གསར་དུ་བྱིས་བཅོལ་ཁང་དང་སློབ་གྲྭར་ཞུགས་པ། སློབ་གྲྭ་བརྗེ་བ་སོགས་ཡིན། བྱིས་བཅོལ་སྡེ་ཁག་དང་བྱིས་སྐྱོང་ཁང་། སློབ་གྲྭ་བཅས་ཀྱིས་བྱིས་པ་བྱིས་བཅོལ་ཁང་དང་སློབ་གྲྭར་ཞུགས་པར་ངེས་པར་དུ་འགོག་སྨན་བརྒྱབ་པའི་གནས་ཚུལ་གྱི་དཔྱད་འཇོག་མཇུག་འབྲས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། འགོག་སྨན་བརྒྱབ་པའི་བྱིས་པའི་ལྟ་སྲུང་བས་དུས་ཐོག་ཏུ། བྱིས་པ་ཁྲིད་དེ་འགོག་སྨན་རྒྱག་པའི་ལས་ཁུངས་སུ་སོང་ནས་འགོག་སྨན་ཁ་གསབ་བྱེད་དགོས་པ་དང་། བྱིས་པ་མངགས་བཅོལ་ཁང་དུ་འགྲོ་བ་དང་སློབ་གྲྭར་འགྲོ་བའི་འགོག་སྨན་ཞིབ་བཤེར་བྱ་བ་དེ་ངེས་པར་དུ་སློབ་མ་གསར་བ་སློབ་འགོ་ཚུགས་རྗེས་སམ་ཡང་ན། བྱིས་པའི་སློབ་གྲྭ་བརྗེ་བ་དང་། འཛིན་གྲྭའི་ནང་གསབ་ཞུགས་བྱས་པའི་ཉིན30ནང་ལེགས་འགྲུབ་བྱེད་དགོས་ཞེས་གསལ་བོར་བཏོན་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།