ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རྒྱལ་གྱིས་ཁྱོན་བསྡོམས་བྱེ་འགོག་བཅོས་སྐྱོང་ལས་འགན་སྤྱི་ཆིང་ཁྲི1000ལྷག་ལེགས་འགྲུབ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ། རང་རྒྱལ་གྱིས་ཚན་རིག་གིས་བྱེ་འགོག་དང་ཕྱོགས་བསྡུས་འགོག་བཅོས། ཁྲིམས་ལྟར་འགོག་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཁྱོན་བསྡོམས་བྱེ་འགོག་བཅོས་སྐྱོང་ལས་འགན་སྤྱི་ཆིང་ཁྲི1000ལྷག་ལེགས་འགྲུབ་བྱས་ཤིང་། རྡོ་ཟེགས་བྱེ་འགྱུར་བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིངས་ཁྲི130ལེགས་འགྲུབ་བྱས་པ་དང་། བྱེ་ས་ཆེ་ཤོས་བཞིའི་སྐྱེ་ཁམས་ཡོངས་སུ་ལེགས་བཅོས་བྱས་པ་དང་། རྡོ་ཟེགས་བྱེ་འགྱུར་ཚད་གཞི་བསྟུད་མར་ཇེ་ཆུང་དུ་སོང་ཡོད།

རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ལོ5ནང་དུ། པེ་ཅིན་དང་ཐེན་ཅིན་གྱི་རླུང་འགོག་བྱེ་འགོག་བཅོས་སྐྱོང་བཟོ་སྐྲུན་གྱིས་ནགས་བཟོས་ལས་འགན་ཁྱོན་བསྡོམས་སྤྱི་ཆིང་ཁྲི101.9དང་། བཟོ་སྐྲུན་བྱེ་འགོག་བརྟན་སྲུང་སྤྱི་ཆིང་ཁྲི3.47་ལེགས་འགྲུབ་བྱས། ནང་སོག་དང་། མཚོ་སྔོན། ཀན་སུའུ་སོགས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན5རུ་བྱེ་འགོག་བཅོས་སྐྱོང་ཚོད་ལྟའི་ལས་གཞི་ལག་བསྟར་བྱེད་འགོ་ཚུགས་ཤིང་། གསར་དུ་ཁ་བསྣོན་བྱས་པའི་རྒྱལ་ཁབ་བྱེ་འགྱུར་ས་ཞིང་བརྟན་འགོག་སྲུང་སྐྱོང་ཁུལ46དང་། རྒྱལ་ཁབ་བྱེ་མའི(རྡོ་ཟེགས)སྤྱི་གླིང50གསར་འཛུགས་བྱས།

དུས་མཚུངས་སུ། མགྱོགས་མྱུར་སྒོས་རྡོ་ཟེགས་བྱེ་འགྱུར་བཅོས་སྐྱོང་ལ་སྐུལ་འདེད་བཏང་། ད་ལྟ་རང་རྒྱལ་གྱི་རྡོ་ཟེགས་བྱེ་འགྱུར་ཅན་གྱི་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི1007ཡོད་པ་དང་། དེ2011ལོ་དང་བསྡུར་ན། རྡོ་ཟེགས་བྱེ་འགྱུར་ཅན་གྱི་ས་ཞིང་གི་རྒྱ་ཁྱོན་སྤྱི་ཆིང་ཁྲི193.2ཇེ་ཆུང་དུ་སོང་བ་དང་། དེའི་ཁྲོད་རྡོ་ཟེགས་བྱེ་འགྱུར་སྤྱི་ཆིང་ཁྲི15.1ཉུང་དུ་སོང་བ་དང47.1ཉུང་དུ་སོང་། འབྲི་ཆུའི་འབབ་རྒྱུད་ཀྱི་བྱེ་ཟེགས40ཡན་ཉུང་དུ་སོང་ཞིང་། རྡོ་ཟེགས་བྱེ་འགྱུར་ས་ཁུལ་གྱི་སྐྱེ་དངོས་ཕྱོགས་བསྡུས་ཁེབས་ཚད61.4ལ་སླེབས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།