ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་ཀྲུང་གོས་ཕྱི་ཕྱོགས་ལ་པྲོག་དབྱིབས་ནད་དུག་གི་འགོག་སྨན་འདོན་སྤྲོད་བྱེད་རྒྱུ་མཚམས་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པེན་གྱིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་ཀྲུང་གོས་ཕྱི་ཕྱོགས་ལ་པྲོག་དབྱིབས་ནད་དུག་གི་འགོག་སྨན་འདོན་སྤྲོད་བྱེད་རྒྱུ་མཚམས་སྦྱོར་བྱས། ཁོས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་སོགས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ང་གསུམ་ལ་འགོག་སྨན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་དང་། ད་ལྟ་རྒྱལ་ཁབ་ཉེར་གཉིས་ལ་འགོག་སྨན་ཕྱིར་གཏོང་བྱེད་བཞིན་ཡོད་ཟེར།

ཝང་ཝུན་པེན་གྱིས་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་ལ་རྣམ་པ་མི་འདྲ་བའི་སྒོ་ནས་འགོག་སྨན་མཉམ་ལས་བྱེད་རྒྱུ་དང་། སྟོབས་ཤུགས་གང་ཡོད་སྒོས་རྒྱབ་སྐྱོར་དང་རོགས་རམ་བྱས་ནས། རིམས་ནད་འགོག་རྒོལ་ལས་རྣམ་པར་རྒྱལ་བ་དང་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་བྱས་རྗེས་ངོ་མ་འཇོག་ངེས་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།