2020ལོའི་འཆལ་སེལ་འགལ་རྡུང་གི་གཞི་གྲངས་ཆེན་མོ་བཅུ།

ཉེ་ལམ། རྒྱལ་ཡོངས“འཆལ་སེལ་འགལ་རྡུང”གཞུང་ལས་ཁང་གིས2020ལོའི“འཆལ་སེལ་འགལ་རྡུང”བྱ་བའི་གཞི་གྲངས་ཆེན་མོ་བཅུ་ཁྱབ་བསྒྲགས་བྱས་པ་རེད། 2020ལོར། ས་ཆ་སོ་སོའི“འཆལ་སེལ་འགལ་རྡུང”སྡེ་ཁག་གིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང། གཅིག་གྱུར་འཆར་འགོད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་སྒོ་རྒྱ་ཆེར་སྤེལ་བ། དྲ་སྟེང་གི་གནོད་པ་ཡོད་པའི་ཆ་འཕྲིན་གཙང་སེལ་བྱེད་པར་ཤུགས་སྣོན་རྒྱག་པ། དྲ་ཕྱིའི་རིག་གནས་ཚོང་རའི་བཅོས་སྐྱོང་དམ་འཛིན་བྱེད་པ།གྱོད་དོན་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ། སྤྱི་ཚོགས་ཡོངས་སུ་ནར་མ་སོན་པའི་མིར་སྲུང་སྐྱོང་བྱེད་པའི་ཁོར་ཡུག་བསྐྲུན་པ་བཅས་བྱས་པར་བྱ་བའི་ཕན་འབྲས་མངོན་གསལ་བླངས་ཡོད།

ཁྲི1700སྟེ་རྒྱལ་ཡོངས་སུ་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་རིགས་སྣ་ཚོགས་ཁྱོན་བསྡོམས་དེབ་ཁྲི1700ལྷག་གཞུང་བཞེས་བྱས་ཏེ། རིག་གནས་ཚོང་རའི་ཁོར་ཡུག་སྔར་བས་ཇེ་བཟང་དུ་བཏང་བ།

ཁྲི1200སྟེ་རྒྱལ་ཡོངས་སུ་ཆགས་སྲེད་སོགས་གནོད་ལྡན་ཆ་འཕྲིན་ཁྲི1200ལྷག་ཐག་གཅོད་བྱས་ཏེ་དྲ་རྒྱའི་བར་སྟོང་སྔར་བས་ཇེ་གསལ་དུ་བཏང་བ།

ཁྲི1.1སྟེ་ལོ་ཧྲིལ་པོར་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་གིས“འཆལ་སེལ་འགལ་རྡུང”གི་འབྲེལ་ཡོད་གྱོད་དོན་ཁྲི1.1ལྷག་ཞིབ་བཤེར་ཐག་གཅོད་བྱས་ཤིང་། དེའི་ནང་དུ་དྲ་རྒྱའི་གྱོད་དོན5800ལྷག་ཡོད་པས་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་ཡོད།

331སྟེ་རྒྱལ་ཡོངས“འཆལ་སེལ་འགལ་རྡུང”གཞུང་ལས་ཁང་གིས་སྒོ་བྱང་བཀལ་ནས་གཙོ་གནད་གྱོད་དོན331ལ་ལྟ་སྐུལ་བྱས་ཏེ། ལོ་རྒྱུས་སྟེང་གྱོད་དོན་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་པའི་གྲངས་འབོར་མཐོ་ཤོས་བསྐྲུན་པས།གྱོད་དོན་སྒྲུབ་པའི་བྱ་བར་ཐོད་བརྒལ་གསར་པ་བྱུང་ཡོད།

ཁྲི232ཏེ་རྒྱལ་ཡོངས་སུ་པར་གཞི་རྐུ་སྤྱོད་བྱེད་པའི་སློབ་གྲྭ་ཆུང་འབྲིང་གི་སློབ་དེབ་ཟུར་ཁྲིད་ཁྲི232ལྷག་ཙམ་གཞུང་བཞེས་བྱས་ཏེ། “2020ལོའི་མྱུག་སྲུང”ཆེད་དམིགས་བྱ་སྤྱོད་ནང་སློབ་དེབ་ཟུར་ཁྲིད་རྐུ་སྤྱོད་ལ་རྡུང་རྡེག་བཏང་བས། ཆེད་དམིགས་བཅོས་སྐྱོང་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོབ་ཡོད།

ཁྲི500སྟེ་རྒྱལ་ཡོངས“འཆལ་སེལ་འགལ་རྡུང”གཞུང་ལས་ཁང་གིས“དྲ་གཙང་ཐད་གཏོང་རླངས་འཁོར”གྱི་ནང་རྐྱེན་བརྒྱུད་ནས་དྲ་སྦྲེལ་ཁེ་ལས་ཁག་གི་གནོད་ཡོད་ཆ་འཕྲིན་གྱི་མ་དཔེའི་ཐོན་ཁུངས་བསྡུ་སྒྲིག་བྱས་པ་དང་། ཁེ་ལས་ཁག་ལ་རིམ་རྩིས་བྱས་ན་གནོད་ལྡན་ཆ་འཕྲིན་ཁྲི500ལྷག་གཙང་བཤེར་བྱེད་པར་སྐུལ་འདེད་བཏང་བས། དྲ་རྒྱའི་བར་སྟོང་ནུས་ལྡན་ངང་ཇེ་བཟང་དུ་ཕྱིན་ཡོད།

ཁྲི156སྟེ་རྒྱལ་ཡོངས“འཆལ་སེལ་འགལ་རྡུང”གཞུང་ལས་ཁང་གིས་ཐེར་འདོན་བྱེད་མཁན45ལ“འཆལ་སེལ་འགལ་རྡུང”གི་ཐེར་འདོན་བྱ་དགའི་དངུལ་སྒོར་ཁྲི156བྱིན་ཏེ། མང་ཚོགས་ཀྱི་ཐེར་འདོན་བརྩོན་སེམས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

ཁྲི29སྟེ་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི“འཆལ་སེལ་འགལ་རྡུང”གཞུང་ལས་ཁང་གིས་སྨྱན་སྦྱོར་གསར་པ་སྤྱད་དེ།“འཆལ་སེལ་འགལ་རྡུང”བྱ་བའི་བཀོད་སྒྲིག་དང་། སྲིད་ཇུས་ཁྲིམས་སྲོལ། གྱོད་དོན་སྒྲུབ་པའི་གྲུབ་འབྲས་བཅས་དྲིལ་སྒྲོག་བྱས་ཤིང་།སྤྱི་ཚོགས་ཀྱི་དོ་ཁུར་དང་གླེང་ཕྱོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་སྤྲད་པས། དྲ་ཚིགས་དང་སྐད་འཕྲིན།ཟིན་ཕྲན་སོགས་ཐབས་ལམ་ནས་ལོ་ཧྲིལ་པོར་རིམ་བརྩིས་བྱས་ན་ཆ་འཕྲིན་ཁྲི29ལྷག་བསྐུར་ཞིང་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་ཡོད།

ཁྲི71.9སྟེ་རྒྱལ་ཡོངས་སུ་ཁྱོན་བསྡོམས“འཆལ་སེལ་འགལ་རྡུང”གི་གཞི་རིམ་ས་ཚིགས་ཁྲི71.9བསྐྲུན་ནས་ཁུངས་སྣེ་ཤེས་རྟོགས་དང་། གྱོད་དོན་ཞིབ་བཤེར་གཞོགས་འདེགས་བྱས་ཏེ། དྲིལ་སྒྲོག་དང་དང་བླངས་ཞབས་ཞུ་རྒྱ་ཆེར་སྤེལ་བ་དང་། གཞི་རིམ་གྱི་དྲིལ་སྒྲོག་བསམ་བློའི་གཡུལ་ས་ཇེ་བརྟན་དུ་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

སྒོར་དུང་ཕྱུར2ཏེ་ཀྲེ་ཅང་ལིས་ཧྲུའེ་རུ“ཆའེ་ཙི་བརྙན་ལམ”ཐོག་ནས་ཆགས་སྲེད་དངོས་རྫས་བརྒྱུད་གཏོང་བྱས་པར་བརྟེན་ནས་ཁེ་སྤོགས་རག་པའི་གྱོད་དོན་ཚབས་ཆེན་ཞིག་རྩད་གཅོད་བྱུང་བ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར2ལྷག་རྩད་ཞིབ་གསལ་པོ་བྱས་ཤིང་། གྱོད་འབྲེལ་མི་སྣ50ལྷག་འཛིན་བཟུང་བྱས། དེ་ནི2020ལོར་རྩད་ཆོད་བྱུང་བའི་བརྙན་ཐུང་སྤྱད་དེ་ཆགས་སྲེད་དངོས་རྫས་བརྒྱུད་གཏོང་བྱས་པར་བརྟེན་ནས་ཁེ་བཟང་རག་པའི་གྱོད་འབྲེལ་དངུལ་འབོར་ཆེས་མང་བའི་གྱོད་དོན་ཞིག་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།