ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལིས་གཉིས་ཀྱིས་བརྙན་རིས་ཀྱི་ལམ་ནས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཉེ་ལམ། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པའོ་ལོས་ལིས་གཉིས་ཀྱིས་བརྙན་རིས་ཀྱི་ལམ་ནས་གྲོས་ཚོགས་བསྡུས།

ཝང་དབྱི་ཡིས་བསྟན་དོན། ན་ནིང་གི་ལོ་མཇུག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡོ་རོབ་གླིང་ཕྱོགས་ཀྱི་འགོ་ཁྲིད་པས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དངུལ་གཏོང་གྲོས་མཐུན་འགོད་པའི་གྲོས་མོལ་ཡོངས་འགྲུབ་བྱས་པ་ཁྱབ་སྒྲོག་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱེད་པར་ནུས་པ་ཆེན་པོ་འདོན་ངེས་རེད། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ཀྱི་གྲོས་མོལ་མཉམ་ལས་ལ་ཤུགས་སྣོན་ཞིང་ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་ནས། ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

པའོ་ལོས་ལིས་ཀྱིས་བཤད་དོན། ཡོ་རོབ་གླིང་དང་ཀྲུང་གོའི་མཉམ་ལས་ནི་ཧ་ཅང་གལ་ཆེ་ལ་གཞན་གྱིས་ཚབ་བྱེད་ཐབས་མེད། ཡོ་རོབ་གླིང་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱས་ཏེ། ནམ་ཟླའི་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཡོ་གླིང་དང་ཀྲུང་གོའི་དངུལ་གཏོང་གྲོས་མཐུན་ལ་ཆོག་མཆན་འགོད་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་ནས། པྲོག་དབྱིབས་ནད་དུག་གི་འགོག་སྨན་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།