ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཏི་མེ་ཁི་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི་ཡིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་གཞོན་པ་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཏི་མེ་ཁི་ལ་ཁ་པར་བཏང་།

ཏི་མེ་ཁི་ཡིས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོའི་བར་དུ་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་མང་དུ་འགྲོ་བཞིན་ཡོད། ཨེ་ཙེ་ཨོ་ཕི་ཡ་ཡིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་བར་གྱི་མཛའ་མཐུན་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་རྦད་ཆོད་སྒོས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོས་པྲོག་དབྱིབས་ནད་དུག་གི་འགོག་སྨན་རོགས་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་བ་དང་། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་ལ་སྒེར་སེམས་མེད་པར་རོགས་རམ་འདོན་སྤྲོད་བྱས་པར་གཟེངས་བསྟོད་བྱེད་པ་ཡིན། ཏི་མེ་ཁི་ཡིས་ད་དུང་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ནང་གི་གནས་བབ་འཕེལ་རིམ་གསར་བ་མཚམས་སྦྱོར་བྱས།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་བར་གྱི་མཛའ་མཐུན་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་སྣ་ཚོགས་ཉམས་སད་ཐེག་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་དཔེ་སྟོན་གྱི་དོན་སྙིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཨེ་ཙེ་ཨོ་ཕི་ཡ་ཡིས་ཨ་ཧྥེ་རི་ཁ་རུ་གོ་གནས་གལ་ཆེན་ཟིན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཨེ་ཙེ་ཨོ་ཕི་ཡ་ཡིས་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་འདོན་པར་རེ་སྒུག་བྱས་ཡོད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་དང་འབྲེལ་བའི་གནད་དོན་གལ་ཆེན་ཐད་ནས་མུ་མཐུད་དུ་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་བྱེད་པར་ཡིད་ཆེས་ཡོད་ཟེར།

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཡིས་ཞི་བདེ་དང་བརྟན་འཇགས་སྲུང་འཛིན་བྱེད་པར་རེ་བ་བཅངས་ཡོད་པ་དང་། ཐིས་ཀི་ལོས་ཀྲིག་གིས་སྔ་མོ་ནས་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱེད་པ་དང་བཟོད་སྒོམ་རང་བཞིན་གྱི་གྲོས་མོལ་བྱེད་པ། རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྲུང་སྐྱོབ་བྱེད་པར་རེ་སྒུག་བྱས་ཡོད། ཀྲུང་གོས་མྱུར་མཁོའི་འབྲུ་རིགས་རོགས་སྐྱོར་སྐོར་ཞིག་འདོན་སྤྲོད་བྱས་ཏེ། ཐིས་ཀི་ལོས་ཀྲིག་གི་མང་ཚོགས་ཀྱི་གནས་སྐབས་དཀའ་ཁག་སེལ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།