ལིའུ་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་ནས་ལུགས་རྙིང་ལོ་སར་སྔོན་གྱི་ཁྲོམ་རའི་མཁོ་འདོན་དང་ལྟ་སྐུལ་དོ་དམ་ཐད་རྟོག་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཟི་ལིང་གྲོང་ཁྱེར་ནས་ལུགས་རྙིང་ལོ་སར་སྔོན་གྱི་ཁྲོམ་རའི་མཁོ་འདོན་དང་ལྟ་སྐུ་དོ་དམ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ལོ་སར་སྔོན་གྱི་རིམས་འགོག་དངོས་རྫས་གསོག་འཇོག་ལ་ཤུགས་སྣོན་དང་ཐོན་རྫས་ཞིབ་བཤེར་ཚད་ལེན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། ཁྲོམ་རའི་མཁོ་འདོན་འཕྲལ་བསྟུན་བཟང་བོར་སྒྲུབ་པ། དུས་ཆེན་སྐབས་ཀྱི་ཁྲོམ་རའི་ཁོར་ཡུག་འཆམ་མཐུན་ཡོང་བར་སྲུང་སྐྱོབ་གང་ལེགས་བྱེད་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཚང་མས་ལོ་སྐྱིད་པོ་ཞིག་སར་པར་ཁག་ཐེག་བྱེད་དགོས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲོམ་ར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་གང་ལེགས་བྱེད་དགོས། མགྱོགས་མྱུར་ངང་ཟས་རིགས་སྨན་རྫས་ཀྱི་འབྱུང་རྩ་ཕུ་འདེད་བྱས་ཆོག་པའི་ལམ་ལུགས་འཐུས་ཚང་འཛུགས་པ་དང་། ཚོང་རྫས་མཁོ་འདོན་དང་བཀོད་སྒྲིག་བྱ་བ་བཟང་བོར་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་སྣ་མང་སྐོང་བ་བཅས་ལ་འབད་དེ། མང་ཚོགས་ཀྱིས་ཚོང་རྫས་ཉོ་ཐུབ་པ་དང་བློ་བདེ་མོའི་ངང་བཀོལ་ཆོག་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།