ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་ལུགས་རྙིང་ལོ་སར་གྱི་འཚམས་འདྲིའི་བྱེད་སྒོ་རྒྱ་ཆེར་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་མགོན་པོ་བཀྲ་ཤིས་དང་ཐིན་ཅཱ་ཚའེ། ལིས་ཅེ་ཞང་། ཝང་ཡུས་ཡན། ཡུས་ཚུང་ལི། མཱ་ཅི་ཞའོ། དབྱིན་པའེ། ཁྲིན་རོས་ཧྥུན། ལིའུ་ཀི་ཕིང་། ཝང་ལིས་མེན་བཅས་སོ་སོར་གྲོང་ཁྱེར་དང་ཁུལ་སོ་སོར་སོང་ནས། ཏང་ཕྱིའི་མི་སྣ་དང་ཆེད་མཁས་པ་དང་ཡོན་ཏན་པ། འཚོ་བར་དཀའ་ངལ་ཆེ་བའི་ཏང་ཡོན། ཏང་ཡོན་རྒན་པ། གཞུང་དོན་གྱི་ཆེད་དུ་ཚེ་ལས་འདས་པའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི། གཞི་རིམ་ལས་བྱེད་པ། སྡེ་བ་དང་གཞིས་ཁུལ་གྱི་རྐང་འཛིན་ལས་བྱེད་པ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་། དཀའ་ངལ་ཆེ་བའི་ལས་བྲལག་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དམག་མི། སྔོན་གཤེགས་དཔའ་བོའི་ཁྱིམ་མི། གཟིགས་སྐྱོང་བྱ་ཡུལ། དཀའ་ངལ་ཡོད་པའི་མང་ཚོགས། དབང་བོ་སྐྱོན་ཅན། ཁེ་ལས་དང་ལས་གནས་སྟེང་གི་ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་བ་མཚོན་པར་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་འཚམས་འདྲི་བྱེད་ཡུལ་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཁོ་ཚོར་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་རང་སྟོབས་རང་སྤེལ་བྱེད་དགོས་པའི་ཐད་ནས་སྐུལ་མ་བཏང་ནས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་རོགས་སྐྱོར་འོག་ཏུ། དཀའ་སྡུག་གི་རྔུལ་ཆུ་ལ་བརྟེན་ནས་མཛེས་པའི་མ་འོངས་པ་གསར་གཏོད་བྱེད་དགོས་པའི་སྐུལ་མ་བཏང་། ཁེ་ལས་དང་ལས་གནས་སྟེང་གི་ལས་བཟོ་བར་འཚམས་འདྲི་བྱེད་སྐབས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་རྣམས་ཀྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གང་ལེགས་བཞག་མྱོང་བའི་རྒྱ་ཆེའི་ལས་བྱེད་ལས་བཟོ་བར་བཀའ་དྲིན་ཞུས་པར་མ་ཟད། ཁོ་ཚོར་འཕེལ་རྒྱས་ཀྱི་སེམས་རྩ་ཇེ་བརྟན་དུ་གཏོང་བ་དང་འབད་འཐབ་ཀྱི་སྟོབས་ཤུགས་ཅི་ཡོད་གཅིག་ཏུ་སྡུད་དགོས་ལ། དེང་རབས་ཐོན་ལས་ཀྱི་བཀོད་འགྲེམ་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་སྟངས་གསར་བའི་ཁྲོད་སིམ་འདྲེས་ཡོང་བར་བྱེད་རྒྱུ་དང་། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་མ་བཏང་།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།