ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་པར་འཚམས་འདྲི་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལུགས་རྙིང་ལོ་སར་གྱི་སྔོན་ཏག་ཏག་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་སོ་སོར་ཁ་པར་སོགས་ཀྱི་ཐབས་ལ་བརྟེན་པའམ་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་ལ་མངགས་བཅོལ་བྱས་ཏེ། ཅང་ཙེ་མེན་དང་། ཧུའུ་ཅིན་ཐའོ། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ། ཝུན་ཅཱ་པའོ། ཅཱ་ཆིན་ལིན། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། སུང་ཕེན། ལིས་ལན་ཆིན། ཙུན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ལོ་ཀན། ཧི་གོ་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས། ཐེན་ཅི་ཡུན། ཁྲི་ཧའོ་ཐེན། ཅང་ཁྲུུ་ཡུན། ཝང་ལི་ཆོན། ཝང་ཀྲའོ་གོ། ཧོས་ལེང་ཡུས། ལིག་ཆི། ཝུའུ་དབྱི། ཚའོ་ཀང་ཁྲོན། ཙུན་ཕའེ་ཡན། ཝང་ཀང་། ལིའུ་ཡན་ཏུང་། ལིས་ཡོན་ཁྲའོ། མཱ་ཁའེ། ལིས་ཅན་གོ། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། གོ་ཅིན་ལུང་། ཝང་ཧན་པེན། ཧི་ཡུང་། ཏུའུ་ཆིན་ལིན། ཀྲའོ་ཧོང་ཀྲུའུ། ཝང་པེན་ཆན། ཙིག་ཅཱ་ཧྭ། ཕིན་ཕའེ་ཡུན། ཀྲིག་ཀོང་ཀྲའོ། ལིས་ཐའེ་དབྱིན། ཧི་ལུའུ་ལིས། ཞུའུ་ཅཱ་ལུའུ། ཅང་ཀྲིན་ཧྭ། ཀུའུ་ཞིག་ལེན། རག་བསྡུས། ཧྲིན་ཧྭ་རིན། ལུའུ་ཡུང་ཞང་། ཝུའུ་ཡུན་ཆི་མུའུ་ཀི། ཧྭ་ཅན་མེན། ཁྲིན་ཀྲི་ལི། ཀྲིག་ཐེ་ནོང་། སི་མཱ་དབྱེ་ཐེ་ལི་ཝ་ཨར་ཏིས། ཅང་ཧྲུའུ་ཧྲིན། སང་གོ་ཝེ། ཝང་ཧྲིན་ཅུན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝུན། ཐང་ཅཱ་ཞོན། ལེང་ཀོང་ལེ། ཏའེ་པེན་གོ། ཁྲང་ཝན་ཆོན། ཧན་ཀྲུའུ་པེན། ཅཱ་ཁྲུན་ཝང་། རིན་ཅན་ཞིན། སུང་ཅན། ཆན་ཀྲིན་དབྱིན། ཧུའུ་ཆི་ལི། ཝང་ཀྲུང་ཡུས། ལིས་ཀོས་ཞན། ཀྲང་སི་ཆིན། ཀྲང་ཁི་ཧོས། ཧའོ་ཅན་ཞིག ཞུའུ་ཁོང་ཏིས། ཀྲང་ཧོད་ཞི། ལིས་མིན། ལེའོ་ཧོས། པེ་ལིས་ཁྲིན། ཁྲིན་ཁོས་ཡོན། ཨ་པུའུ་ལའེ་ཐིས་ཨ་པུའུ་ཏུའུ་རི་ཞི་ཐིས། ལིས་ཀྲའོ་ཀྲོ། ཧོང་མིན་ཧྥུའུ། ཀྲང་མེ་དབྱིན། ཀྲང་རོང་མེན། ཆན་ཡུན་ལུའུ། སུན་ཅཱ་ཀྲིན། ལིས་ཅིན་ཧྭ། ཀྲིན་ཝན་ཐུང་། ཏིན་ཕུའུ་ཧྥང་། ལི་ཝུའུ་ཝེ། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན། ཧན་ཆི་ཏི། ལིན་ཝུན་དབྱི། ལོ་ཧྥུའུ་ཧི། ལིས་ཧེ་ཧྥུན། ཁྲིན་ཡོན། ཀྲིའུ་ཞའོ་ཁྲོན། ཝང་ཅཱ་རོས། ཆི་ཞུའུ་ཁྲུན། མཱ་ཕའེ་ཧྭ། ལིའུ་ཞའོ་ཧྥུན། ཝང་ཆིན་མེན་བཅས་བློ་མཐུན་རྒན་པར་འཚམས་འདྲི་བྱས་པ་དང་། བློ་མཐུན་རྒན་པ་དག་ལ་ལྷག་བསམ་རྣམ་དག་གིས་དུས་ཆེན་གྱི་རྟེན་འབྲེལ་ཞུས་པར་མ་ཟད། བློ་མཐུན་རྒན་པ་དག་ལ་ལོ་སར་སྤྲོ་སྐྱིད་ཡོང་བ་དང་བདེ་ཐང་ཚེ་ཐག་རིང་བའི་སྨོན་འདུན་སྙིང་ནས་ཞུས། 

བློ་མཐུན་རྒན་པ་དག་གིས་བཀའ་དྲིན་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྤྱིར་བཏང་མ་ཡིན་པའི་ལོ་གཅིག་གི་ནང་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མི་དམངས་ཡིད་ཚིམས་པ་དང་། འཛམ་གླིང་ཡོངས་ཀྱིས་མཐོང་ཆེན་བྱེད་པ། ལོ་རྒྱུས་དེབ་ཐེར་དུ་བཀོད་ཆོག་པའི་རྒྱུགས་གཞི་སྤྲད་པར་གདེང་འཇོག་ཆེན་པོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་སྙིང་ཐག་པ་ནས་གོང་བཀུར་བྱེད་རྒྱུའི་ཚུལ་བསྟན། བློ་མཐུན་རྒན་པ་དག་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དག་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པ། ཡིད་ཆེས་བརྟན་པོ་དང་དཀའ་ཁག་གདོང་གིས་བསུས་ཏེ། བློ་སེམས་གཅིག་མཐུན་དང་དཀའ་སྤྱད་འབད་བརྩོན་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་བརྩོན་ལེན་བྱས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་དགོས་པའི་རེ་བ་བཏོན།   །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།