ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ཆེན་ཁ་ཤས་ཀྱིས་སློབ་འགོ་རྩོམ་པའི་དུས་ཚོད་ནར་འགྱངས་བྱས་འདུག

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2021-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020210209372298762355.png

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་སོ་གཅིག་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། སློབ་གསོ་པུའུ་ཡིས་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་ཕན་ཚུན་ཟུར་འབྲེལ་ཡོང་བར་གྲ་སྒྲིག་ཡག་པོ་བྱས་ནས་དགོས་མཁོ་བྱུང་ཚེ་དུས་ལྟར་དྲ་ཐོག་གི་སློབ་ཁྲིད་བྱེད་ཐུབ་པ་བྱ་དགོས་ཞེས་བསྟན།

མིག་སྔའི་བར་ས་གནས་མང་པོ་ཞིག་གི་སློབ་ཆེན་སོ་སོས་སློབ་འགོ་རྩོམ་པའི་དུས་ཚོད་ནར་འགྱངས་བྱས་ཏེ་སློབ་གྲྭར་ལོག་པའི་དུས་ཚོད་གནས་སྐབས་སུ་ནར་འགྱངས་བྱ་རྒྱུའི་བརྡ་སྦྱོར་བཏང་འདུག

W020210209372298807367.png

ཧོ་ཧྥེ་བཟོ་ལས་སློབ་ཆེན།

ཟླ2པའི་ཚེས5ཉིན་ཧོ་ཧྥེ་བཟོ་ལས་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི《2021ལོའི་དཔྱིད་ཀའི་སློབ་འགོ་ཚུགས་ནས་སློབ་གྲྭར་ལོག་པའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་སྦྱོར》ནང་། སློབ་མ་རྣམས་སློབ་གྲྭར་ལོག་སྟེ་འབྱོར་ཐོ་འགོད་པའི་དུས་ཚོད་དེ་ཟླ3པའི་ཚེས3ཉིན་ནས་ཚེས6ཉིན་བར་ནར་འགྱངས་བྱ་རྒྱུ་དང་འབྲེལ་སྐོར་ཁག་བཞི་རུ་བགོས་ནས་གོ་རིམ་ལྡན་པའི་ངང་སློབ་གྲྭར་ཕྱིར་ལོག་བྱེད་དགོས་པ་དང་། སློབ་གྲྭས་ཆོག་མཆན་མ་བཀོད་པར་ཕྱིར་ལོག་པའམ་ཡང་ན་སློབ་གྲྭར་ཕྱིར་ལོག་པའི་ཆ་རྐྱེན་མི་ལྡན་པའི་སློབ་མ་སློབ་གྲྭར་ལོག་མི་ཆོག་པའི་བླང་བྱ་བཏོན་ཡོད། ཟླ3པའི་ཚེས8ཉིན་དངོས་སུ་སློབ་ཁྲིད་བྱ་རྒྱུ་རེད།

བརྡ་སྦྱོར་ནང་སློབ་གྲྭའི་ཆོག་མཆན་ཐོབ་པ་བརྒྱུད་དགུན་གནང་སྐབས་སུ་སློབ་གྲྭ་ནས་ཁ་བྲལ་བ་མ་ཟད། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆ་རྐྱེན་དང་མཐུན་པའི་དགེ་རྒན་དང་ལས་བཟོ་བ་རྣམས་སློབ་གྲྭར་ལོག་པའི་དུས་ཚོད་མི་འགྱུར་བ་སྟེ།  ཟླ2པའི་ཚེས22ཉིན་གྱི་གོང་ལས་གནས་སུ་ལོག་པ་དང་འབྲེལ་ཁྱིམ་དུ་ཉིན7རིང་ལོགས་སུ་བཀར་ནས་སྡོད་དགོས་པའི་བླང་བྱ་བཏོན་པ་རེད།

 ཟླ་དང་པོའི་ཚེས9ཉིན་ནས་ཧོ་ཧྥེ་བཟོ་ལས་སློབ་ཆེན་གྱིས་ཡོངས་བསྒྲགས་བྱས་པའི་སློབ་འགོ་རྩོམ་པའི་དུས་ཚོད་ནི་གནས་སྐབས་སུ་ཟླ2པའི་ཚེས27ཉིན་དང་ཚེས28ཉིན་བར་འབྱོར་ཐོ་འགོད་རྒྱུ་དང་། ཟླ3པའི་ཚེས1ཉིན་སློབ་ཁྲིད་དངོས་སུ་བྱ་རྒྱུ་གཏན་འཁེལ་བྱས་ཡོད།

W020210209372298817994.png

ཨན་ཧུའེ་སློབ་ཆེན།

ཟླ2པའི་ཚེས3ཉིན་ཨན་ཧུའེ་སློབ་ཆེན་གྱིས་བརྡ་སྦྱོར་བཏང་ནས་མིག་སྔའི་རིམས་ནད་འཕེལ་རྒྱས་ཀྱི་དུས་བབ་དང་སློབ་གྲྭའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་སྟེ། 2020ལོ་ནས2021ལོའི་དཔྱིད་ཀའི་སློབ་སྐབས་སུ་སློབ་མ་རྣམས་སློབ་གྲྭར་ལོག་པའི་དུས་ཚོད་དེ་ཟླ3པའི་ཟླ་འགོའི་བར་ནར་འགྱངས་བྱ་རྩིས་ཡོད་པ་དང་། ཞིབ་ཕྲའི་བཀོད་སྒྲིག་གི་དུས་ཚོད་གཏན་འཁེལ་བྱས་མ་ཐག་ཟུར་དུ་བརྡ་སྦྱོར་གཏོང་རྒྱུ་དང་། སློབ་མ་རྣམས་གཏན་འཁེལ་བྱས་པའི་དུས་ཚོད་ཀྱི་སྔོན་ལ་སློབ་གྲྭར་ལོག་མི་ཆོག་པ་དང་ཆབས་ཅིག་སྤ་སེ་ཉོ་མི་རུང་ཞེས་གསལ་འདེབས་བྱས།

ཨན་ཧུའེ་སློབ་ཆེན་གཞུང་ཕྱོགས་དྲ་ཚིགས་ཀྱིས2020ལོའི་ཟླ12པའི་ཚེས23ཉིན་བཏང་བའི་གུང་གསེང་གི་བཀོད་སྒྲིག་བརྡ་སྦྱོར་གཞིར་བཟུང་སྟེ། སློབ་མའི་དགུན་གནང་གི་དུས་ཚོད་ནི2021ལོའི་ཟླ་དང་པོའི་ཚེས9ཉིན་ནས་ཟླ2པའི་ཚེས་20ཉིན་བར་ཡིན་ལ། དེ་སྔའི་ཟླ2པའི་ཚེས21ཉིན་ནི་སློབ་མས་འབྱོར་ཐོ་འགོད་པའི་དུས་ཚོད་ཡིན་པ་དང་ཟླ2པའི་ཚེས22ཉིན་དངོས་སུ་སློབ་ཁྲིད་བྱ་རྒྱུ་རེད།

W020210209372298845044.png

W020210209372298851462.jpg

ཨན་ཧུའེ་ཉེན་དཔོན་ལས་རིགས་སློབ་གླིང་།

ཟླ2པའི་ཚེས2ཉིན་ཨན་ཧུའེ་ཉེན་དཔོན་ལས་རིགས་སློབ་གླིང་གིས་དཔྱིད་ཀའི་སློབ་འགོ་རྩོམ་པའི་དུས་ཚོད་བཀོད་སྒྲིག་བྱས། “དུས་ཚོད་ཀྱི་སྔ་གཞུག་སྣུར་བ”དང“སྔ་གཞུག་སྡེབ་པ”བྱས་ནས་སློབ་གྲྭར་ལོག་པའི་བླང་བྱ་ལྟར་ཞིབ་འཇུག་བྱས་ནས་སློབ་མ་རྣམས་ཁག་གཉིས་སུ་བགོས་ཏེ་སློབ་གྲྭར་ལོག་དགོས། ཁག་དང་པོ་ནི་ཟླ3པའི་ཚེས1ཉིན་དང་ཚེས2ཉིན་ཤར་ནུབ་སློབ་ཁུལ་གྱི2020ལོའི་སློབ་མ་རྣམས་སློབ་གྲྭར་ལོག་པ་དང་དགེ་རྒན་དང་ལས་བཟོ་བ་རྣམས་ལས་ཚོགས་སུ་ཞུགས་དགོས། ཁག་གཉིས་པ་ནི་ཟླ3པའི་ཚེས3ཉིན་དང་ཚེས4ཉིན་ཤར་ནུབ་སློབ་ཁུལ་གྱི2019ལོའི་སློབ་མ་སློབ་གྲྭར་ལོག་དགོས།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་སྟེ། གལ་ཏེ་སློབ་འགོ་རྩོམ་པའི་དུས་ཚོད་ལེགས་སྒྲིག་བྱས་ཚེ་སློབ་གླིང་གིས་དུས་ཐོག་ཏུ་བརྡ་སྦྱོར་གཏང་རྒྱུ་ཡིན་པ་རེད། སློབ་མ་ཚང་མ་སྔོན་ལ་སློབ་གྲྭར་ལོག་མི་ཆོག 2021ལོའི་སློབ་ཐོན་སློབ་མ་རྣམས་གནས་སྐབས་སུ་སློབ་གྲྭར་མི་ལོག་པ་དང་སློབ་གྲྭར་ལོག་པའི་ཞིབ་ཕྲའི་དུས་ཚོད་ཟུར་དུ་བརྡ་སྦྱོར་གཏོང་རྒྱུ་རེད།

W020210209372298817994.png

ཧྭ་པེ་གློག་ཤུགས་སློབ་ཆེན།

ཚེས6ཉིན་ཧྭ་པེ་གློག་ཤུགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་ཐོག་བརྡ་སྦྱོར་བཏང་སྟེ། 2020ལོའི་ཉིན་ཧྲིལ་བོའི་རབ་འབྱམས་ཞིབ་འཇུག་སློབ་མ་སློབ་གྲྭར་ལོག་པའི་དུས་ཚོད་དེ་ཟླ3པའི་ཚེས25ཉིན་གཏན་འཁེལ་བྱས་ཡོད། ཟླ3པའི་ཚེས1ཉིན་ནས་ཟླ3ཚེས24ཉིན་བར་དྲ་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན།

ཟླ2པའི་ཚེས2ཉིན་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱིས་སློབ་གྲྭར་ལོག་པའི་འབྲེལ་ཡོད་བརྡ་སྦྱོར་བཏང་བ་རེད། ད་ལྟ་ལག་བསྟར་བྱེད་བཞིན་པའི་སློབ་གྲྭའི་བཀོད་སྒྲིག་ལྟར་སློབ་མ་ཚང་མའི་སློབ་འགོ་རྩོམ་པའི་དུས་ཚོད་ནི་ཟླ2པའི་ཚེས22ཉིན་ཡིན་པ་དང་དྲ་ཐོག་ནས་སློབ་ཁྲིད་ལ་ཞུགས་ཏེ་གནས་སྐབས་སུ་སློབ་གྲྭར་ལོག་མི་ཆོག

“སྔ་གཞུག་སྡེབ་པ་དང་། ཚོགས་མང་གཡོལ་བ། ས་ཁོངས་སྡེབ་པ”བཅས་ཀྱི་རྩ་དོན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིག་བྱས་ཏེ། གནས་སྐབས་སུ་ཟླ3པའི་ཚེས16ཉིན་ནས་བཟུང་ཁག་བགོས་ནས་གོ་རིམ་ལྡན་པའི་ངང་སློབ་གྲྭར་ལོག་རྒྱུ་དང་། ཟླ3པའི་ཚེས22ཉིན(གཟའ་ཟླ་བ)དྲ་ཕྱིའི་སློབ་ཁྲིད་ཡོངས་སུ་སླར་གསོ་བྱ་རྒྱུ་རེད།

W020210209372298870123.jpg

ཡན་ཧྲན་སློབ་ཆེན།

ཉེ་ཆར་ཡན་ཧྲན་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་བརྡ་སྦྱོར་ནང་ཁག་དང་པོའི་སློབ་མ་ཟླ2པའི་ཚེས28ཉིན་སློབ་གྲྭར་ལོག་རྒྱུ་དང་ཁག་ཆེས་རྗེས་མ་ནི་ཟླ3པའི་ཚེས7ཉིན་སློབ་གྲྭར་ལོག་རྒྱུ་ཡིན། སློབ་གྲྭར་ལོག་སྐབས་ཉིན7ནང་ཚུན་གྱི་ཉིང་སྐྱུར་བཤེལ་འཇལ་ཚད་ལེན་གྱི་སྲིབ་གཤིས་ཡིན་པའི་དཔང་རྟགས་དང་བདེ་ཐང་ཨང་རྟགས་ཀྱི་ཁ་དོག་ལྗང་ཁུ་འཁྱེར་ནས་འབྱོར་ཐོ་འགོད་དགོས་པའི་བླང་བྱ་བཏོན་ཡོད། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དང་མངའ་ཁོངས་ཕྱི་རོལ་གྱི་སློབ་མ་རྣམས་གནས་སྐབས་སུ་སློབ་གྲྭར་ལོག་མི་ཆོག

W020210209372298907108.jpg

ཅི་ལིན་དགེ་འོས་སློབ་ཆེན།

ཟླ2པའི་ཚེས2ཉིན་ཅི་ལིན་དགེ་འོས་སློབ་ཆེན་གྱིས་སློབ་འགོ་ཚུགས་པའི་དུས་ཚོད་ལེགས་སྒྲིག་བྱ་རྒྱུའི་བརྡ་སྦྱོར་བཏང་ཞིང་། སློབ་མ་རྣམས་སློབ་གྲྭར་ལོག་པའི་དུས་ཚོད་ནི་ཟླ3པའི་ཚེས3ཉིན་ནས་ཚེས7ཉིན་བར་ཡིན་པ་དང་སྐོར་ཁག་ལྔ་རུ་བགོས་ནས་སློབ་གྲྭར་ལོག་དགོས་པ་རེད།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།