ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཕེན་ཧྲན་རྫོང་ཞི་པའེ་ཕའོ་གྲོང་རྡལ་པེ་ཀྲོང་སྡེ་བའི་ཏང་ཡོན་ཡོངས་ལ་འཕྲིན་ལན་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧི་པེ་ཞིང་ཆེན་ཕེན་ཧྲན་རྫོང་ཞི་པའེ་ཕའོ་གྲོང་རྡལ་གྱི་པེ་ཀྲོང་སྡེ་བའི་ཏང་ཡོན་ཡོངས་ལ་འཕྲིན་ལན་བསྐུར་ཏེ་ཁོ་ཚོར་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་རྒྱུར། ལོ་ངོ་དོན་བརྒྱད་ཀྱི་ཡར་སྔོན་ལ། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པའི་གླུ་དབྱངས་ས་དེ་ནས་བླངས་པ་དང་། མི་དམངས་དུང་ཕྱུར་མང་པོས་རྒྱུན་དུ་ལེན་པའི་གསར་བརྗེ་གླུ་དབྱངས་ཤིག་ཏུ་གྱུར་ཡོད། ད་ལྟ་ཁྱོད་ཚོས་མང་ཚོགས་རྣམས་ལ་སྣེ་ཁྲིད་དེ་དམར་དམག་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་འབད་བརྩོན་བྱས་ནས་དབུལ་ཕོངས་ཀྱི་རྣམ་པ་ཡོངས་སུ་བསལ་བར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་མཐུན་སྒྲིལ་སྒོས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་མཛེས་པའི་འཚོ་བར་མཉམ་དུ་འབད་འཐབ་བྱས་པའི་ལོ་རྒྱུས་ཤིག་ཡིན་པ་དང་། ཞི་པའེ་ཕའོ་ཡི་ལས་བྱེད་པ་དང་མང་ཚོགས་ལ་དེའི་ཐད་ནས་མྱོང་ཚོར་ཟབ་མོ་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་། ཁྱོད་ཚོས་བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་དུ་བླངས་ནས། གདོང་ལེན་སྔོན་ཐོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མང་ཚོགས་རྣམས་ཀྱིས་མཐུན་སྒྲིལ་དམ་པོ་བྱེད་པ་དང་སྟོབས་ཤུགས་གཅིག་སྡུད་བྱེད་པར་མ་ཟད། ཕྱོགས་གཅིག་ལ་བསམ་གཞིགས་གཏོང་བ་དང་ཕྱོགས་གཅིག་ལ་ཤུགས་བསྐྱེད་ནས། འཚོ་བ་སྔར་ལས་སྐྱིད་པོ་རོལ་ཐུབ་པར་བྱེད་དགོས་ཟེར།

གཅིག་དགུ་ཞེ་གསུམ་ལོའི་ཟླ་དྲུག་པར། ནུབ་བྱང་འཐབ་ཁུལ་གྱི་ཞབས་ཞུ་ཚོགས་པ་ཕེན་ཧྲན་རྫོང་དུ་ཡོང་སྟེ་གསར་བརྗེ་འཐབ་རྩོད་ཁྲོད་ཞུགས་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་པེ་ཀྲོང་སྡེ་བ་ནས་གླུ་གར་དང་གླུ་དབྱངས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་ཞེས་པ་གསར་རྩོམ་བྱས་པར་མ་ཟད་སྡེ་བ་དེ་རུ་ཐོག་དང་པོར་བླངས། ཉེ་ལམ། པེ་ཀྲོང་སྡེ་བའི་ཏང་ཡོན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། གླུ་དབྱངས་དེས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཆེན་པོ་ལེན་པར་སྐུལ་ལྕག་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པ་དང་མུ་མཐུད་དུ་མཐུན་སྒྲིལ་སྒོས་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ཞང་སྡེ་དར་སྤེལ་བྱ་བ་བཟང་བོར་བསྒྲུབ་པ་དང་སྔར་ལས་སྐྱིད་པའི་འཚོ་བ་རོལ་བའི་ཆོད་སེམས་མཚོན་པར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།