ཀྲུང་གོ་བོད་ཀྱི་དྲ་བ།

2025ལོའི་སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་སློབ་ཁྲིད་ཐོན་ཁུངས་ཀྱི་རིགས་སོ་སོའི་ཆེད་དོན་སློབ་གསོ་དང་ཁྲིད་གཞི་པར་གཞི་ཡོངས་སུ་ཁེབས་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2021-02-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས8ཉིན་སློབ་གསོ་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། སློབ་གསོ་པུའུ་སོགས་སྡེ་ཁག5ཡིས་ཉེ་ཆར་མཉམ་འབྲེལ་སྒོས《ཤུགས་ཆེན་པོས་སློབ་གྲྭ་ཆུང་འབྲིང་གི་དྲ་ཐོག་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་འཛུགས་སྐྲུན་དང་བེད་སྤྱོད་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པ་དང་། བསམ་འཆར་ལས། 2025ལོར་གནས་ཚད་གསལ་བ་དང་། ཕན་ཚུན་མཉམ་སྦྲེལ། མཉམ་སྐྲུན་མཉམ་སྤྱོད་ཀྱི་དྲ་ཐོག་སློབ་གསོའི་སྟེགས་བུ་མ་ལག་ཐོག་མར་གྲུབ་ནས། རིགས་སོ་སོའི་ཆེད་དོན་སློབ་གསོ་དང་ཁྲིད་གཞིའི་པར་གཞིའི་སློབ་ཁྲིད་ཐོན་ཁུངས་མ་ལག་ཡོངས་སུ་ཁེབས་པ་དང་། དེར་འཛུགས་སྐྲུན་འཁོར་རྒྱུག་དང་སྲུང་སྐྱོང་། ཐོན་ཁུངས་གསར་སྤེལ། སློབ་ཁྲིད་བེད་སྤྱོད། ལག་བསྟར་སྐུལ་འདེད་སོགས་ཀྱི་སྲིད་ཇུས་འགན་སྲུང་སྒྲིག་གཞི་མ་ལག་ཚུད་ཡོད་པ་རེད། 

བསམ་འཆར་ལས་སློབ་གྲྭ་ཆུང་འབྲིང་གི་དྲ་ཐོག་སློབ་གསོ་སློབ་ཁྲིད་ཐོན་ཁུངས་འཛུགས་སྐྲུན་བེད་སྤྱོད་ཐད་ཤུགས་བསྣོན་པའི་བྱེད་ཐབས་གཙོ་བོ་གསལ་བོར་བྱས་ཤིང་། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར། རྫོང་།སློབ་གྲྭ་རིམ་པའི་སྟེགས་བུའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣོན་དང་། དྲ་རྒྱ་གཅིག་གྱུར་བེད་སྤྱོད་དང་བརྙན་འཕྲིན་ཐབས་ལམ་གྱིས། ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད། བྱེད་ཐབས་ཕན་ཚུན་བར་ཁ་གསབ་བྱས་ཏེ། སློབ་མ་ཡོངས་སུ་ཁེབས་པ་དང་། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་དྲ་རྒྱའི་སྟེགས་བུ་དང་ཀྲུང་གོའི་སློབ་གསོའི་བརྙན་འཕྲིན་ཁང་གི་དྲ་ཐོག་སློབ་ཁྲིད་འཐུས་ཚང་དུ་གཏོང་རྒྱུ་རེད། དགེ་སློབ་ཀྱི་བེད་སྤྱོད་ནུས་ཤུགས་མཐོ་རུ་གཏོང་བ་དང་། དགེ་རྒན་གྱི་གསོ་སྐྱོང་གསོ་སྦྱོང་ལ་ཤུགས་བསྣན་ནས། སློབ་མའི་བརྡ་འཕྲིན་སྤུས་ཚད་མཐོར་འདེགས་སུ་བཏང་སྟེ། བརྡ་འཕྲིན་སྤུས་ཚད་གསོ་སྐྱོང་དེ་རིག་ཚན་སོ་སོའི་སློབ་གསོའི་སློབ་ཁྲིད་ཁྲོད་མཉམ་འདྲེས་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།